བོད་ལྗོངས།
ཆབ་མདོ་གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་ཁག་གཅིག་ལ“ཐོབ་ཐང་ལག་ཁྱེར”རག་པ།

    ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་ཁང་ཀོང་ཁྱིམ་བྱ་གསོ་ཚགས་ལས་རིགས་ཚན་རྩལ་ཚད་ཡོད་ཀུང་སི་དང་། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྱད་ལྡན་མཁོ་འདོན་ཤིང་འབྲས་སྔོ་ཚལ་ར་བ། ཁ་རུབ་ཆུས་རི་དུང་ཤང་དབུ་མདའ་གྲོང་ཚོའི་སྔོ་ཚལ་འདེབས་མཁན་དུད་ཚང་ཆེ་མོ་ངག་དབང་ཚེ་བརྟན་སོགས་ཁྲོམ་རའི་བྱེད་པོ་3ལ་ཁྱིམ་བྱ་དང་། བྱ་སྒོང་། སྔོ་ཚལ་བཅས་རིགས་ཆེ་གྲས་གསུམ་གྱི་ཁག་ཐེངས་13ཞིང་ལས་ཐོན་རྫས་ཀྱི་ཚད་མཐུན་ལག་ཁྱེར་སོ་སོར་རག་ཅིང་། ཆབ་མདོ་གྲོང་ཁྱེར་གྱིས་ཞིང་ལས་ཐོན་རྫས་ཀྱི་ཚད་མཐུན་ལག་ཁྱེར་ཐེངས་དང་པོ་སྤྲད་པ་དེ་ཐོག་ནས་ཆབ་མདོ་གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་ཀྱི་ཚད་མཐུན་ལག་ཁྱེར་ལམ་ལུགས་ཕྱོགས་ཡོངས་ནས་ཚོད་ལྟའི་ལག་བསྟར་བྱེད་འགོ་ཚུགས་པ་མཚོན་གྱི་ཡོད།

    “ཚད་མཐུན་ལག་ཁྱེར་འདི་ནི་ཁྲོམ་རར་བཏོན་པའི་ཞིང་ལས་ཐོན་རྫས་ཀྱི་ཐོབ་ཐང་ལག་ཁྱེར་ཡིན་ལ་འབྱུང་རྩའི་ཐོན་སྐྱེད་པའི་ཁས་ལེན་ཡི་གེའང་ཡིན”དེའི་ཐོག་ནས་ཞིང་ལས་ཐོན་རྫས་ཁྲོམ་རར་འདོན་པ་དེ“ཚད་མཐུན་ངོས་ལེན”ནས“ཚད་མཐུན་ཁས་ལེན”དུ་གྱུར་པ་མཚོན་གྱི་ཡོད་པ་མ་ཟད། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་འདོམས་དེ་ཐོན་རྫས་དོ་དམ་ནས་བྱེད་པོའི་དོ་དམ་དུ་གྱུར་པ་མངོན་འགྱུར་བྱུང་ཡོད་ཅེས་ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་སྤུས་ཚད་བདེ་འཇགས་ལྟ་འདོམས་ཁོའོ་ཡི་འགན་འཁུར་བ་ཅང་ཆིང་གིས་བརྗོད།

    གཞན་ཡང་། ཚད་མཐུན་ལག་ཁྱེར་གྱི་ངོས་སུ“ཞིང་པའི་བདེ་འཇགས་ཡིད་རྟོན”གྱི་རྩ་གཉིས་ཨང་རྟགས་ཡོད་པ་རེད། “འདི་ནི་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་སུ་ང་ཚོས་གསར་གཏོད་ཐོག་མ་བྱས་པ་ཞིག་ཡིན་ལ་ཞིང་ལས་ཐོན་རྫས་ཀྱི་ཆ་འཕྲིན་ལ་རྩད་ཞིབ་རགས་ཙམ་བྱེད་ཐུབ”ཅེས་ཅང་ཆིང་གིས་བརྗོད་ཅིང་། ཁོང་གིས། “ཞིང་པའི་བདེ་འཇགས་ཡིད་རྟོན”ནི་ཞིང་ལས་གྲོང་གསེབ་པུའུ་ཡིས་བཟོས་པའི་ཡིད་རྟོན་ལས་སྟེགས་ཤིག་ཡིན། ཚད་མཐུན་ལག་ཁྱེར་ངོས་ཀྱི་རྩ་གཉིས་ཨང་རྟགས་བཤེར་ཙམ་བྱས་ན་གཞི་རྩའི་ཆ་འཕྲིན་དང་། དོ་དམ་ལམ་ལུགས། རང་བཤེར་ཟིན་ཐོ་སོགས་བྱེད་པོའི་ཡིད་རྟོན་གྱི་ཡིག་ཚགས་མཐོང་ཐུབ་ཀྱི་ཡོད་ཅེས་བརྗོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391426551