བོད་ལྗོངས།
ཆབ་མདོའི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་4ལྷག་ཙམ་བཏང་བ།

    འདི་ལོ་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འབྲུ་རིགས་ཀྱི་ཐོན་ནུས་ཆེ་རུ་བཏང་བ་དང་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་བྱས་ནས་བྱེད་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་2019ལོ་འཁོར་གྱི་སྐྲུན་རྩིས་ཡོད་པའི་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་17ལ་མ་དངུལ་སྒོར་ཁྲི་43592.5བཏང་བ་དང་མ་དངུལ་གཏོང་རྒྱུ་ལེགས་གྲུབ་བྱུང་ཚད་84.7%ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་ཞིང་ནང་གི་སྐྱེ་དངོས་སྐྱེ་འཚར་ཡོང་སྒང་ཡིན་པས་མིག་སྔར་ཆུ་ཡུར་བཟོ་བ་དང་ལྕགས་དྲ་བསྐོར་རྒྱུ་ལས་མེད་པ་དང་། ཞིང་ས་ལེགས་བཅོས་སོགས་ལས་གྲྭ་སྟོན་བསྡུའི་རྗེས་གཞི་ནས་འགོ་འཛུགས་ཆོག་གི་ཡོད་པ་དང་སྔོན་དཔག་བྱས་ན་ཟླ་10པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད། 2020ལོར་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་22འཛུགས་སྐྲུན་བྱ་རྒྱུ་ཡིན་ཞིང་། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་གིས་ཇུས་འགོད་བཟོ་བའི་ལས་དོན་རགས་ཙམ་ལེགས་སྒྲུབ་བྱས་ཟིན་པ་དང་། ཉེ་དུས་རྫོང(ཆུས)ཁག་གི་ཇུས་འགོད་རྩིས་བཤེར་ལས་དོན་རགས་ཙམ་སྤེལ་རྒྱུ་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391483001