བོད་ལྗོངས།
སྡོད་ཁང་གསར་པའི་ནང་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ།

    འདི་ནི་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་བཙན་པ་ཚོགས་པའི་ཡུལ་གཞན་དུ་གནས་སྤོས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་ཡིན་པ།

    ཟླ་6ཚེས་15ཉིན་གྱི་སྔ་དྲོ། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་བཙན་པ་ཚོགས་ཆུང་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མང་ཚོགས་གཅིག་སྡུད་གནས་སྤོ་བྱེད་པའི་མཛད་སྒོ་གཉེར་བ་དང་། 2020ལོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་མང་ཚོགས་ཀྱིས་སྡོད་ཁང་གསར་པའི་ནང་སྤོ་བའི་རྟེན་འབྲེལ་ཞུས་པ་རེད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། འཕྱོངས་རྒྱས་རྫོང་གིས་མང་ཚོགས་དབུལ་པོ་ལས་ཞུགས་དཀའ་བའི་གནད་དོན་ལ་དམིགས་ནས“དུད་ཚང་གཅིག་ལ་ལས་གནས་གཅིག”གི་ལས་ཞུགས་དབུལ་སྐྱོར་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་བ་དང་། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་བཅས་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391483091