བོད་ལྗོངས།
ཆབ་མདོ་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ་1119ལ “སྦར་མཐིལ་དངུལ་ཁང”ཡོངས་ཁྱབ་བྱུང་བ།

    ཉེ་ཆར་གསར་འགོད་པར་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོཌ་བྱུང་བར། ཆབ་མདོ་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ་1119ལ“སྦར་མཐིལ་དངུལ་ཁང”ཡོངས་ཁྱབ་བྱུང་བ་དེས་སྒུལ་བདེའི་དངུལ་རྩས“ཞིང་གསུམ”ཁྱབ་ཁོངས་ལ་ཞབས་འདེགས་ཞུ་ཁྱོན་ཆེ་རུ་ནུས་ལྡན་སོང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཞིང་འབྲོག་མང་ཚོགས་ཀྱི་སྣ་མང་ཅན་གྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཆེད། མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས“དམངས་ཆེད་གཏོང་སྤྲོད”ཀྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཤིང་། ཞིང་ལས་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་དང་དེ་བཞིན་རིམ་ཁག་ཡན་ལག་དང་ཉིང་ལག་དངུལ་ཁང་གིས་གོང་འོག་མཉམ་འགུལ་དང་མཉམ་ཤུགས་ཆགས་རྒྱུར་ལྟ་སྐུལ་ཁྲིད་སྟོན་བྱས་ནས“སྦར་མཐིལ་དངུལ་ཁང་གི་གྲོང་ཚོ”ནུས་ཤུགས་ཡོད་རྒུས་བཏོད་ཡོད། གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་། ས་གནས་ས་ཐོག་ཏུ་རྟོག་ཞིབ། “གནད”ཀྱིས“ཁྱོན”ལ་སྐུལ་ཁྲིད་བྱེད་པ་སོགས་བརྒྱུད། མཐའ་མཚམས་ཞིང་འབྲོག་ཁུལ་གྱི་གཏོང་སྤྲོད་རྩིས་རྒྱག་ཁོར་ཡུག་ལེགས་སུ་གཏོང་བའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས“སྦར་མཐིལ་དངུལ་ཁང་གི་གྲོང་ཚོའི”ལས་སྒོ་ཁྱབ་གདལ་གཏོང་ཐུབ་པའི་རང་བཞིན་ལ་དབྱེ་ཞིབ་བྱས་ཤིང་། “སྦར་མཐིལ་དངུལ་ཁང་གི་གྲོང་ཚོའི”སྒོ་བྱང་འགེལ་བ་གོ་སྐབས་སུ་བྱས་ཏེ་རང་འགུལ་ངང་ས་གནས་དེ་གའི་སྲིད་གཞུང་དང་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པར་གདན་དྲངས་ནས་དྲིལ་བསྒྲགས་བྱེད་ནུས་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་བ་རེད། དེ་དང་ཆབས་ཅིག་ཞིང་འབྲོག་མང་ཚོགས་ལ་གཅིག་གཏད་གཅིག་གི་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་ནས་སྦར་མཐིལ་དངུལ་ཁང་ཤེས་རྟོགས་བྱེད་ཚད་དང་བེད་སྤྱོད་བྱེད་ཚད་མཐོ་རུ་ནུས་ལྡན་བཏང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391576531