བོད་ལྗོངས།
སྨན་གླིང་རྫོང་གིས་དབུལ་སྐྱོར་ཐད་གཏོང་ལམ་ནས་ཚོང་ཟོག་བཙོངས་པ།

    འདི་ནི་འཕྱོངས་རྒྱས་རྫོང་གི་དུད་ཚང་དབུལ་པོའི་མང་ཚོགས་ཀྱིས་སྔོ་ཚལ་རྟེན་གཞིར་ལས་ཀ་བྱེད་བཞིན་པ།

    ཉེ་ཆར། སྨན་གླིང་རྫོང་ཨུད་དང་། རྫོང་སྲིད་གཞུང་། ཀོང་ཏུང་ཞིང་ཆེན་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་སྨན་གླིང་རྫོང་ལས་དོན་ཚོགས་ཆུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་ཐད་གཏོང་ཚོང་ཟོག་འཚོང་བའི་བྱེད་སྒོ་སྨན་གླིང་རྫོང་དུ་གཉེར་བ་རེད། བྱེད་སྒོའི་རིང་། ཐོན་ཟོག་ཡོངས་ལ་རིན་གོང་ཁེ་པོ་ཡིན་པ་དང་རྒྱལ་ཡོངས་སུ་སྦྲག་སྐུར་ཐུབ་པ་མ་ཟད་མི་དམངས་བརྙན་ལམ་དང་། མཚོ་ལྟའི་སྨྱན་སྦྱོར་མཉམ་འདྲེས། ཐེང་ཞུན་ལྟ་གནད་བཅས་ལས་སྟེགས་གསུམ་ནས་དུས་གཅིག་ཏུ་ཐད་གཏོང་བྱས་ཤིང་། དྲ་ཐོག་ནས་ཐད་གཏོང་བྱེད་པ་དང་དུས་མཚུངས་སུ་དྲ་ཕྱིའི་མངགས་ཐོའི་གན་རྒྱ་བཞག་ནས་ཁེ་ལས་དང་སྨན་གླིང་རྫོང་གི་མཁོ་འཚོང་མཉམ་ལས་མཉམ་འབྲེལ་ཁང་དབར་འཛད་སྤྱོད་དབུལ་སྐྱོར་གྱི་གྲོས་མཐུན་བཞག་ཁར། སྨན་གླིང་རྫོང་གི་ནཌ་གསེབ་ཐོན་རྫས་དང་། ལག་ཤེས་བཟོ་རྩལ་ཐོན་རྫས། ཤའི་ཐོན་རྫས་བཅས་ལ་མངགས་ཉོ་ཕོན་ཆེན་བྱས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་ཞིང་འབྲོག་ལས་ཐོན་ལས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་བརྒྱུད་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་པས། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། ས་གནས་དེ་གའི་ཞིང་འབྲོག་པའི་དངུལ་སྨར་ཡོང་འབབ་ནུས་ལྡན་འཕར་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392542441