བོད་ལྗོངས།
བོད་ལྗོངས་ཀྱིས་སྦྲང་གསོ་ཡན་ལག་ཚོགས་པ་བཙུགས་པ།

    མཉམ་ལས་ཁང་8ཀྱིས་ལོར་སྒོར་ཁྲི་ཉིས་སྟོང་ལ་ཉེ་བ་བྲིན་ཚོང་བྱས་པ།

    ཉེ་དུས། བོད་ལྗོངས་སྦྲང་ནོར་བུ་གསོ་ཚགས་ཡན་ལག་ཚོགས་པ་དངོས་སུ་བཙུགས་པ་དེ་ཐོག་ནས་ལྗོངས་ཡོངས་སུ་སྦྲང་ནོར་བུ་གསོ་ཚགས་ལས་རིགས་ཀྱི་རྩ་འཛུགས་སྒྲིག་གཞི་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། གསར་འགོད་པས་བོད་ལྗོངས་རྩི་ཤིང་སྲུང་སྐྱོང་རིག་ཚོགས་2020ལོའི་རིག་གཞུང་སྤེལ་རེས་དང་བོད་ལྗོངས་སྦྲང་ནོར་བུ་གསོ་ཚགས་ཡན་ལག་ཚོགས་པ་བཙུགས་པའི་ཚོགས་ཆེན་ནས་ཤེས་རྟོགས་བྱས་པར། ཡན་ལག་ཚོགས་པ་དེ་ནི་བོད་ལྗོངས་རྩི་ཤིང་སྲུང་སྐྱོང་རིག་ཚོགས་ཀྱི་རིམ་པ་གཉིས་པའི་རིག་ཚོགས་ཤིག་ཡིན་པ་དང་ཆེད་མངགས་བོད་ཀྱི་སྦྲང་ནོར་བུར་ཞིབ་འཇུག་དང་ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་འགན་འཁུར་གྱི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། རང་ལྗོངས་སུ་ཕྱི་རྒྱལ་གྱི་སྦྲང་ནོར་བུའི་ཁྱུ་6000ཡོད་པ་དང་། སྦྲང་ནོར་བུ་གསོ་ཚགས་སྣེ་ཁྲིད་པ་30ལྷག་ཙམ་ཡོད་པ་མ་ཟད། སྦྲང་ནོར་བུ་གསོ་ཚགས་ཀྱི་མཉམ་ལས་ཁང་8བཙུགས་པས་སྦྲང་རྩི་ཕྱིར་ཚོང་ལོར་ཡོང་འབབ་སྒོར་ཁྲི་ཉིས་སྟོང་ཙམ་ཟིན་གྱི་ཡོད་པ་རེད།

    ལོ་16གི་གོང་དུ་རང་ལྗོངས་སུ་སྦྲང་ནོར་བུ་གསོ་ཚགས་ཀྱི་ལས་རིགས་དེ་ཧ་ལམ་སྟོང་པ་ཡིན་ཞིང་། 2004ལོ་ནས་བཟུང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཚན་ཞིབ་མི་སྣས་ཕྱི་རྒྱལ་གྱི་སྦྲང་ནོར་བུ་ནང་འདྲེན་བྱས་ནས་ས་བབ་མཐོ་བའི་ས་ཁུལ་དུ་ཕྱི་རྒྱལ་གྱི་སྦྲང་ནོར་བུ་གསོ་ཚགས་བྱེད་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་པས། སྦྲང་ནོར་བུར་གཡོག་བྱེད་བྱེད་ཐབས་དང་གསོ་ཚགས་བྱེད་ཐབས་ལེགས་བཅོས་བྱུང་བ་མ་ཟད། ས་གནས་དེ་རང་གི་སྦྲང་ནོར་བུ་གསོ་ཚགས་བྱེད་མཁན་དུད་ཚང་སྐྱེད་སྲིང་ཐུབ་སྟེ་ཕན་འབྲས་བཟང་ཙམ་ཐོན་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392547031