བོད་ལྗོངས།
འབད་འབུངས་ཡར་བརྩོན་གོ་ཆ་བརྟན་པོར་སྤྲས་། སྙིང་སྟོབས་ཆེར་བསྐྱེད་གཡུར་ཟའི་གྲུབ་འབྲས་གཏོད།

    འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཡོད་པའི་ཉི་མ་རྫོང་རོང་དམར་ཤང་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོ་བྱ་ཡུལ་ཡིན་པ།

    2014ལོའི་ཟླ་8ཚེས་1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2014ལོ་ནས་བཟུང་ལོ་རེའི་ཟླ་10ཚེས་17ཉིན་ནི“རྒྱལ་ཡོངས་དབུལ་སྐྱོར་ཉིན་མོར”གཏན་འཁེལ་བྱས་ཡོད། “རྒྱལ་ཡོངས་དབུལ་སྐྱོར་ཉིན་མོ”གཏན་འཁེལ་བྱས་པ་ལས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་སྐྱོར་གསར་སྤེལ་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་གང་ལེགས་མཚོན་ཡོད་ལ། ས་ཁུལ་དབུལ་པོ་དང་མང་ཚོཌ་དབུལ་པོར་ཐུགས་ཁུར་ཆེན་པོ་བྱེད་པའང་གང་ལེཌ་མངོན་ཡོད།

    2016ལོ་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་བཞེས་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལག་བསྟར་བྱས་པ། སློབ་གསོ་དང་ལས་ཞུགས་ལ་སྐུལ་འདེད་བཏང་བ། བོད་སྐྱོར་གྱི་སྟོབས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་ནས་རོགས་སྐྱོར་བྱས་པ། མང་ཚོཌ་དབུལ་པོའི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་བཏང་བ་བཅས་བརྒྱུད། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཏན་ཏིག་མངོན་འགྱུར་ཐུབ་ཡོད་པ་རེད།

    འདི་ནི་སྟག་རྩེ་ཆུས་ཀྱི་ཚད་གཞི་མཐོ་བའི་རྒྱུད་བཟང་བཞོན་མ་གསོ་ཚགས་དཔེ་སྟོན་ལྟེ་གནས་སུ་ཕྱུགས་རིགས་སྨན་པའི་དགེ་རྒན་གྱིས་དེ་གར་ལས་ཞུགས་བྱས་པའི་སློབ་ཆེན་གྱི་སློབ་ཐོན་སློབ་མ་ཁྲིད་དེ་བ་རར་སྐོར་ཞིབ་བྱེད་བཞིན་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་སྟོད་གཟིགས་ཤང་ཀླུང་གྲོང་ཚོའི་ཚོགས་ཆུང་དང་པོའི་ཡུལ་མི་ཚེ་བརྟན་སྒྲོལ་དཀར་གྱིས་མར་སྟོན་བཞིན་པ།

    འདི་ནི་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ལག་རྩལ་མི་སྣས་སུར་པན་སྐྱེ་འཚར་ལ་ལྟ་བཞིན་པ།

    འདི་ནི་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་མིང་ཁྲང་ཐང་ག་གསོ་སྦྱོང་ལྟེ་གནས་ཀྱི་སློབ་མས་ཚོན་གཏོང་སྟངས་སྦྱོང་བཞིན་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཙ་རི་ཤང་གི་མང་ཚོགས་ཚོས་ཁྱིམ་དུ་སླེ་པོ་སླ་བཞིན་པ།

    འདི་ནི་བྲག་གཡབ་རྫོང་ཐང་ཆུང་རྩེའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མང་ཚོགས་ཚོས་སྒོ་འགྲམ་དུ་གླིང་ཁ་གཏོང་བཞིན་པ།

    འདི་ནི་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་ཁམས་བདེ་བདེ་སྡོད་ཁུལ་གསར་གྱི་མང་ཚོགས་ཚོས་ས་གདན་ལས་སྣོན་བཟོ་གྲྭར་ལག་རྩལ་སྦྱོང་བཞིན་པ།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394725741