བོད་ལྗོངས།
མོག་རོ་བཏབ་ནས་ཡོང་འབབ་འཕར་ཐབས་བྱས་པ།

    འདི་ནི་སྐྱེ་དངོས་ཚན་རྩལ་དཔེ་སྟོན་གླིང་དུ་ལས་དོན་པས་ཤ་མོ་འཐུ་བཞིན་པ།

    ཇོ་མོ་གླང་མའི་མཐོང་བ་དགའ་སྐྱེ་དངོས་ཚན་རྩལ་དཔེ་སྟོན་གླིང་ནི་གཞིས་རྩེ་གྲོང་ཁྱེར་ཞིང་ལས་མ་འཇོག་ཀུང་སིས་ཚོང་གཉེར་དོ་དམ་བྱེད་པའི་བཟའ་བྱའི་ཤ་མོ་ཐོན་སྐྱེད་དང་། འདེབས་གསོ། སྣོད་བཅུད་ལྟ་སྐོར། ཚན་རྩལ་གསོ་སྦྱོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་རྣམ་གྲངས་ཤིག་ཡིན་པ་དང་། རྒྱ་ཁྱོན་མུའུ་200ལྷག་ཟིན་གྱི་ཡོད། མིག་སྔར། ཉིན་རེར་བཟའ་བྱའི་ཤ་མོ་ཐུམ་སྒྲིལ་ཁྲི་1དང་ཤ་མོ་རྒྱ་མ་400ནས་600བར་ཐོན་སྐྱེད་བྱེད་ཀྱི་ཡོད། དེའི་ནང་སེར་ཤ་དང་དཀར་ཤ་སོགས་བཟའ་བཅའི་ཤ་མོ་རིགས་19ཙམ་ཡོད། རྣམ་གྲངས་དེས་ད་ཆ་ཀོ་ཤ་འདེབས་རྩལ་ཞིབ་འཇུག་ལེགས་གྲུབ་ཟིན་ནས་སྐྱེ་དངོས་ཚན་རྩལ་དཔེ་སྟོན་གླིང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་རྗེས་ཐོན་སྐྱེད་བྱེད་འགོ་འཛུགས་མཁན་ཡིན་པས། དེ་དུས་དཔལ་འབྱོར་གྱི་ཕན་འབྲས་སྔར་བས་ཆེ་བ་ཐོན་རྒྱུ་མ་ཟད། དུད་ཚང་དབུལ་པོར་རོགས་རམ་བྱས་ཏེ་ཁེ་སྤོགས་སྔར་ལས་མང་བ་ཐོབ་རྒྱུ་ཡིན།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395131911