བོད་ལྗོངས།
རྩལ་ནུས་བསླབས་ནས་ཐོན་ལས་འཕེལ་རྒྱས་བཏང་།

    —— སྙེ་མོ་རྫོང་གིས་མཉམ་ཤུགས་བཏོན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་གྱི་བསྡུས་རིས།

    ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་གིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞི་ཚུགས་ཏེ་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་འབབ་འཕར་ཡོང་བར་སྣེ་ཁྲིད་བྱེད་རྒྱུ་དེ་ཨང་དང་པོར་འཇོག་པ་དང་། དབུལ་སྐྱོར་ཐོན་ལས་རྣམ་གྲངས་གཉེར་སྐྱོང་གི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བའི་གནད་འགག་དེར་དམ་འཛིན་ནན་པོ་བྱེད་པ། “རང་བྱུང་ཆ་རྐྱེན་ཅུང་ཞན་པ་དང་། ས་ཁམས་གནས་ཡུལ་ཐག་རིང་བ། ཐོན་ཁུངས་འབེལ་པོ་མེད་པ”བཅས་ཀྱི་དངོས་ཡོད་དཀའ་ངལ་ལ་དམིགས་ཏེ། ལས་བྱེད་པའི་དཔུང་ཁག་དེ་སྔོག་འདོན་ཐུབ་པའི་ཐོན་ཁུངས་ཆེ་ཤོས་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་སྒུལ་ཤུགས་ཆེ་ཤོས་སུ་བརྩིས་ནས་དངོས་སྒྲུབ་དང་། དཀའ་སྒྲུབ། སྒྲུབ་མཁས་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་གཏོད་རྒྱུར་དམིགས་ནས། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་161ཐོན་ལས་རྣམ་གྲངས་85ཡི་འཐབ་ས་དང་པོར་བསྐྱོད་རྒྱུར་སྐུལ་སློང་བྱས་ཐོག“གནས་ཀྱིས་གནས”ལ་ཐོན་ལས་རྣམ་གྲངས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ལམ་སྲོལ་གསར་པ་ཞིག་ཆགས་པ་རེད།

    གྲངས་གཞི་ལས་མངོན་གསལ། སྙེ་མོ་རྫོང་གིས “དེང་རབས་སྙེ་མོའི་གོམ་སྟབས་གསུམ”གྱི་སྤྱིའི་བཀོད་ཇུས་དང“ཐོན་ལས་བཞི་དང་གླིང་ཁུལ་གསུམ”གྱི་འཕེལ་རྒྱས་བཀོད་ཇུས་ལ་དམིགས་ནས་ལས་བྱེད་པས“གནས་གཏད་གནས”ཀྱི་ཐོན་ལས་རྣམ་གྲངས་འཕེལ་རྒྱས་ལ་དམ་འཛིན་གྱི་ལམ་སྲོལ་དོན་འཁྱོལ་ཏན་ཏིག་བྱས་པ་དང་། རྫོང་རིམ་པའི་ཐོན་ལས་12དང་། ཤང་དང་གྲོང་རྡལ་རིམ་པའི་ཐོན་ལས་62 གྲོང་ཚོ་རིམ་པའི་ཐོན་ལས་11བཅས་ཁ་གསལ་བཟོས་ཏེ། ཏང་ཡོན་ལས་བྱེད་པ་161ཐོན་ལས་ཀྱི་འཐབ་ས་དང་པོར་རིམ་པ་དབྱེ་ནས་མངགས་གཏོང་བྱས་ཏེ་ཞིབ་ཕྲའི་དམ་འཛིན་གྱིས་ཐོན་ལས་ཐོག་མཐའ་བར་གསུམ་དུ་རྫོང་ཨུད་ཀྱི་སྤྱིའི་བཀོད་ཇུས་འོག་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱས་པ་དང་འབྲེལ་ཕན་འབྲས་ཡག་པོ་ཐོན་པ་རེད། 2020ལོའི་ཚུན་དུ་མང་ཚོགས་དབུལ་པོ་1030ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཏེ་དུད་ཚང་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་1000ཡན་བྱུང་བ་རེད།

    མིག་སྔའི་དཀའ་ངལ་སེལ་རོགསབྱས་ཏེ་ཕུགས་ཇུས་བཏིང་ཞིང་། “འབབ་འཕར་ཕྱུག་འགྱུར་དམིགས་ཚད་དུ་བྱེད་པ་དང་། ཤེས་ལྡན་པར་བརྟེན་ནས་དར་རྒྱས་གཏོང་རྒྱུ་རྩ་བར་བྱེད་པ། རང་སྟོབས་རང་སྤེལ་སྟོན་ཕྱོགས་སུ་བྱེད་པ”བཅས་ཀྱི་རྩ་དོན་ལ་གཞིགས་ནས“གནས་གཏད་གནས”ཀྱི་ཐོན་ལས་དམ་འཛིན་གང་ལེགས་བྱེད་པ་དང་། མང་ཚོགས་དང་བསྡུར་ན་ལས་བྱེད་པ་བལྟོས་བཅས་ཀྱིས་འདེབས་འཛུགས་དང་ལེན་ཐུབ་པ་དང་གསོ་ཚགས་ཀྱི་ལག་རྩལ་དང་འཇོན་ཐང་ཆེ་བ། ལག་རྩལ་ཤེས་མྱུར་བ་བཅས་ཀྱི་ལེགས་ཆར་བརྟེན་པ། སློབ་སྦྱོང་བྱེད་ཞོར་རུ་འདེབས་འཛུགས་སློབ་ཁྲིད་མཐའ་འཁྱོངས་བཅས་བྱས་ཏེ་ཐོན་ལས་ལ་ཕན་འབྲས་གང་མགྱོགས་ཐོན་པ་དང་། མང་ཚོགས་ལ་ཡོང་འབབ་གང་མགྱོགས་ཡོང་བ། ཤེས་ལྡན་པ་འཚར་ལོངས་གང་མགྱོགས་ཡོང་བ་བཅས་འགན་ལེན་བྱས་པ་རེད།

    སྙེ་མོ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མཁར་རུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཆིན་ཀོ་ཡིས་མཁར་རུ་ཤང་རྒྱ་ནག་རི་མཉམ་ལས་ཁང་གི་གཉེར་སྐྱོང་འཕེལ་རྒྱས་ལ་དམ་འཛིན་བྱས་ཤིང་། ཉེ་བའི་ལོ་གཉིས་རིང་། ཝང་ཆིན་ཀོས་ཕྱོགས་མང་པོའི་འབད་བརྩོན་བྱས་པ་བརྒྱུད་མཉམ་ལས་ཁང་དེས་མཛེས་ལྗོངས་ཁུལ་གྱི་ཁེ་སྤོགས་བགོ་བཤའ་རྒྱག་པ་དང་། རྣམ་གྲངས་སྐྲུན་འགན་འཁུར་བ། དཔལ་འབྱོར་སྐྱེ་དངོས་འདེབས་འཛུགས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རིམ་རྩིས་བྱས་ན་སྒོར་ཁྲི་81.5ལྷག་ཙམ་གྱི་ཡོང་འབབ་བྱུང་བ་དང་། མང་ཚོགས་དབུལ་པོ་མི་ཐེངས་4500ལྷག་ཙམ་གླ་པ་བྱེད་པར་སྒྲིག་འཛུགས་བྱས་ཏེ་གླ་པ་བྱེད་མཁན་གྱི་ཁེ་སྤོགས་བགོ་བཤའི་ཚད་གཞི་དེ་ཐོག་མའི་མི་རེར་ཉིན་རེར་སྒོར་60ནས་ད་ཆའི་མི་རེར་ཉིན་རེར་སྒོར་100འཕར་ནས་ཞིང་དུད་59ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.8ལྷག་ཙམ་བྱུང་བ་རེད།

    སྙེ་མོ་རྫོང་གིས་ལས་བྱེད་པ་བདེ་སྐྱིད་ཐོན་མིའི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་མངགས་གཏོང་བྱས་ནས་ཚོད་ལྟའི་ངང་སེའུ་འདེབས་འཛུགས་བྱས་ཤིང་། ཕྱོགས་གཅིག་ནས་སློབ་སྦྱོང་དང་ཕྱོགས་གཞན་ཞིག་ནས་ལག་ལེན་མཐའ་འཁྱོངས་བྱས་ཏེ་རང་ཉིད་མགྱོགས་མྱུར་ཡུལ་གྱི་རིགས་གཅིག་མཁས་ཅན་དུ་གྱུར་ནས་མང་ཚོགས་17ལ་ལག་རྩལ་བསླབས་པར་ཡོང་འབབ་སྒོར་ཁྲི་19.4བྱུང་ནས་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་བསྔགས་བརྗོད་བྱས་པ་རེད།

    གཞུ་སྨད་ཤང་གི་ཤང་ཀྲང་ཀྲང་ཝེ་ཡིས་ཨང་སྒང་གྲོང་ཚོའི་ཕག་པ་གསོ་ཚགས་ར་བར་དམ་འཛིན་བྱས་ཤིང་། ལོ་གཉིས་རིང་ཁག་ཐེངས་6གི་ཕག་པ་211ཉོས་ཏེ་ཁག་ཐེངས་24ཡི་ཕག་པ་204བཤས་བཏང་བ་དང་། ཕག་ཤ་རྒྱ་མ་ཁྲི་3.86ཕྱིར་ཚོང་བྱས་ཏེ་ཡོང་འབབ་སྒོར་ཁྲི་86.7བྱུང་བ་དང་། ཁེ་སྤོགས་སྒོར་ཁྲི་10.6བྱུང་ནས་དུད་ཚང་དབུལ་པོ་23འབབ་འཕར་ཡོང་བར་ཁྲིད་སྟོན་བྱས་པ་དང་། རིམ་རྩིས་བྱས་ན་ཁེ་སྤོགས་སྒོར་ཁྲི་13.81བགོ་བཤའ་བརྒྱབ་པ་དང་། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་6004.35དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1663.86བྱུང་བ་རེད།

    སྙེ་མོ་ཤང་ཆུ་གླིང་གྲོང་ཚོའི་ཞིང་པ་དབང་རྒྱལ་གྱིས“གནས་གཏད་གནས”ཀྱི་ལས་བྱེད་པ་ལི་ཅུན་གྱི་ཁྲིད་སྟོན་འོག་རང་འགུལ་ངང་དྲོད་ཁང་གི་གཡོག་བྱེད་ལ་དམ་འཛིན་དང་ལག་རྩལ་སྦྱངས་ཤིང་། ལོ་ཕྱེད་རིང་འབད་བརྩོན་བྱས་པ་བརྒྱུད་ཤིང་འབྲས་ལི་ཙི་འདེབས་འཛུགས་ཀྱི་ལག་རྩལ་ཤེས་པ་རེད། ད་ཆ་ཁོང་གིས་དྲོད་ཁང་འགན་གཙང་བླངས་ཏེ་ཤིང་འབྲས་ལི་ཙི་འདེབས་འཛུགས་བྱས་ཏེ་སྔོན་དཔག་བྱས་ན་ཐོན་སྐྱེད་རིན་ཐང་རྒྱ་མ་3000ཟིན་རྒྱུ་དང་ཡོང་འབབ་སྒོར་ཁྲི་4.5ལྷག་ཙམ་ཟིན་རྒྱུ་རེད།

    མིག་སྔའི་བར། རྫོང་ཡོངས་ཀྱི་དུད་ཚང་ཕྱུག་པོ་170དང་དུང་ཚང་དབུལ་པོ་309བར“གཅིག་གཏད་གཅིག་དང་། གཅིག་གཏད་མང་པོ། མང་གཏད་གཅིག”བཅས་ཀྱི་ཆ་སྒྲིག་རོགས་སྐྱོར་གྱི་ཆ་164བསྒྲིགས་ནས་མ་དངུལ་དོ་དམ་བྱེད་མ་ཤེས་པའི་རྐྱེན་གྱིས་དབུལ་པོར་འགྱུར་བའི་དུད་ཚང་75ཡི་མང་ཚོགས་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་དང་། ངལ་རྩོལ་ནུས་ཤུགས་དཀོན་པའི་རྐྱེན་གྱིས་དབུལ་པོར་འགྱུར་བའི་དུད་ཚང་93ཡི་མང་ཚོགས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ཕྱོགས་ཁག་གི་རོགས་རམ་འོག་དུས་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཐག་གཅོད་ཐུབ་པ་རེད།

    སྙེ་མོ་རྫོང་གི“གནས་གཏད་གནས”ཀྱི་ལས་བྱེད་པས་མང་ཚོགས་དབུལ་པོར་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་ཧུར་ཐག་འཚོལ་བ་དང་། “ཤང་གཅིག་ལ་ལས་རིགས་གཅིག་དང་གྲོང་ཚོ་གཅིག་ལ་ཐོན་རྫས་གཅིག”གི་ཐོན་ལས་འཕེལ་རྒྱས་བཀོད་པར་དམིགས་ནས་སྔ་རྗེས་སུ“1+3”ཡི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཆེད་བསྐོས་མི་སྣ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་95བཀོད་སྒྲིག་བྱས་ཏེ་ཤང་དང་གྲོང་ཚོ་73རུ་གནས་སྡོད་ཀྱིས་ཐོན་ལས་རྣམ་གྲངས་དམ་འཛིན་དང་། ཐོན་ལས་རྣམ་གྲངས་གཉེར་སྐྱོང་ཚད་ལྡན་དུ་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ཏེ་ཞིང་འབྲོག་མང་ཚོགས་རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཡོང་བའི་ལམ་བུ་གསར་པ་ཞིག་བཏོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396451191