ཟླ་1ཚེས་5ཉིན། ཚ་རྒྱུད་བར་མའི་ནུབ་རླུང་ཤུར་གྱི་ཤུགས་རྐྱེན་ཕོག་ནས་མངའ་རིས་ས་ཁུལ་དུ་འདི་ལོའི་གངས་ཐེངས་དང་པོ་བབས་པ་རེད།
མངའ་རིས་ས་ཁུལ་གནམ་གཤིས་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པའི་གངས་ཀྱི་གནས་ཚུལ་ལས་མངོན་གསལ། ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་10པའི་བར། མངའ་རིས་ས་ཁུལ་གྱི་རུ་ཐོག་རྫོང་དང་། སྒེར་རྩེ་རྫོང་། མཚོ་ཆེན་རྫོང་། རྩྭ་མདའ་རྫོང་། སྤུ་ཧྲེང་རྫོང་བཅས་ཚང་མར་གངས་བབས་པ་དང་། ས་ཆ་ཁག་གཅིག་ལ་གངས་ཆེན་པོ་བབས་ཡོད། དེའི་ནང་སྤུ་ཧྲེང་རྫོང་མ་ཡོར་ས་ཚུགས་སུ་གངས་གསོག་ཐེབས་ཚད་ལི་སྨི་5དང་། བར་ག་ཤང་དུ་གངས་གསོག་ཐེབས་ཚད་ལི་སྨི་6 རྩྭ་མདའ་རྫོང་ཆུ་གསུམ་ཤང་དུ་གངས་གསོག་ཐེབས་ཚད་ལི་སྨི་8བཅས་ཟིན་པ་དང་། ད་དུང་གངས་མུ་མཐུད་འབབ་རྒྱུ་ཡིན་པ་རེད།