བོད་ལྗོངས།
དཔྱིད་དཔལ་བསུ།——འཁྱགས་མཚོའི་སྟེང་གི་ལུག་ཁྱུ་གླིང་ཕྲན་ནས་ཐོན་པའི་སྐོར་གྱི་ཟིན་ཐོ།

    དཔྱིད་དཔལ་བསུ།——འཁྱགས་མཚོའི་སྟེང་གི་ལུག་ཁྱུ་གླིང་ཕྲན་ནས་ཐོན་པའི་སྐོར་གྱི་ཟིན་ཐོ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཕུར་བུ་བཀྲ་ཤིས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ལུག་མགོ་གྲངས་2000ལྷག་ཙམ་འཁྱགས་མཚོའི་སྟེང་འདྲོང་པོར་འཐེན་པའི་ཐིག་རིས་ཤིག་དང་འདྲ་བར་མདུན་ཕྱོགས་སུ་དལ་བུར་སྐྱོད་བཞིན་མཆིས།

    ལུག་རྫི་གཉིས་ཀྱིས་གཞོགས་གཉིས་སུ་ལུག་ཁྱུའི་རུ་སྟར་སྲུང་བཞིན། ཁོང་ཚོའི་སེམས་ཁོངས་སུ་ཚག་ཚིག་གི་སྣང་བ་ཡོད་རུང་མིག་ནང་དུ་ཡོངས་སུ་རེ་བའི་རྣམ་པ་མངོན།

    ལོ་ངོ་སྟོང་གི་རིང་རྒྱུན་མཐུད་ཐུབ་པའི་སྲོལ་རྒྱུན་འདི་ནི་དུས་རབས་ནས་དུས་རབས་བྱས་ཏེ་ཕྱུགས་ལས་འཚོ་བརྟེན་དུ་བཟུང་བའི་མཐུད་བ་གྲོང་ཚོའི་གྲོང་མི་ཚོས་རེ་བས་ཁེངས་པའི་དཔྱིད་དཔལ་ཕྱོགས་སུ་སྐྱོད་འགོ་ཚུགས་པ་ཞིག་ཡིན།

    མཐུད་བ་གྲོང་ཚོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་གནས་པ་དང་ས་བབ་མཐོ་ཚད་སྨི་5070ཟིན་ཞིང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱིས་སྲིད་འཛིན་གྲོང་ཚོའི་གྲས་ཤིག་ཡིན།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ས་བབ་མཐོ་བ་དང་དབྱར་གྱི་དུས་ཡུན་ཐུང་བའི་རྐྱེན་གྱིས་མཐུད་བ་གྲོང་ཚོའི་རྩྭ་ར་ལས་ལུག་ཁྱུར་འདང་ངེས་ཀྱི་དགུན་སྒྲོལ་གཟན་རྩྭ་མཁོ་འདོན་བྱེད་ཐབས་བྲལ། ལྷ་མོའི་སྤྱན་ཆབ་ཏུ་འབོད་པའི་ཕུ་མ་གཡུ་མཚོའི་མཚོ་དཀྱིལ་དུ་གླིང་ཕྲན་ཞིག་ཡོད་ཅིང་། མི་མཐོང་དཀོན་པའི་དབེན་པའི་སྐྱིད་ཚལ་དུ་ཆགས་པས་རྩྭ་ཆུ་བཟང་།

    ལོ་ལྟར་ས་མཐོར་གནམ་གཤིས་གྲང་ཤོས་སྐབས་ཕུ་མ་གཡུ་མཚོའི་མཚོ་ངོས་སུ་དར་ཁ་ཆགས་ནས་འཁྱགས་མཚོར་གྱུར་གྱི་ཡོད།

    སྐབས་དེ་དུས་མཐུད་བ་གྲོང་ཚོའི་ལུག་རྫིས་ལུག་ཁྱུ་མཚོ་དཀྱིལ་གྱི་གླིང་ཕྲན་ཐོག་དེད་ནས་གནམ་གཤིས་གྲང་ཤོས་ཀྱི་དུས་དེ་གཡོལ་གྱི་ཡོད། ས་གཞིར་རིམ་བཞིན་དྲོད་འཕེལ་བ་དང་འཁྱགས་མཚོའི་ངོས་ཀྱི་དར་ཁ་མ་བཞུར་གོང་ཚེས་བཟང་ཞིག་བདམས་ནས་སླར་ཡང་ལུག་ཁྱུ་རྣམས་ཚུར་བསུས་ཏེ་དཔྱིལ་དཔལ་བཞད་པའི་ཉིན་མོ་སྒུག་གི་ཡོད།

    མཐུད་བ་གྲོང་ཚོའི་དཔྱིད་དུས་ནི་དར་ཁ་བཞུར་ལ་ཉེ་བའི་འཁྱགས་མཚོའི་ནང་དུ་མཆིས།

    ལུག་ཁྱུ་ཚུར་བསུ་བ་ནི་གྲོང་ཚོའི་ནང་གི་དོན་ཆེན་ཞིག་ཏུ་གྱུར་ཡོད།

    འདི་ནི་ཟླ་3ཚེས་6ཉིན་པར་ལེན་བྱས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་མཐུད་བ་གྲོང་ཚོ་ཡིན། (མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་པར་བླངས།

    ལུག་ཁྱུ་རྣམས་ཕུ་མ་གཡུ་མཚོའི་མཚོ་དཀྱིལ་གྱི་གླིང་ཕྲན་ནས་ཐོན་གྲབས་བྱེད་པ། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་པར་བླངས།

    ཟླ་3ཚེས་6ཉིན། ནམ་ལངས་མེད་ཅིང་མཁའ་དབྱིངས་སུ་ད་དུང་ཟླ་བ་གསལ་ཞིང་། ཕུ་མ་གཡུ་མཚོའི་སྤྱི་ཁོག་རོབ་ཙམ་མཐོང་ཐུབ།

    གྲོང་མི་སྒྲོལ་མས་ཞོགས་པ་སྔ་པོ་ནས་ལངས་ཏེ་སྤགས་བཟས་རྗེས་གྲོང་མི་གཞན་དང་མཉམ་དུ་མཚོ་ངོས་སུ་ཡོང་།

    ཁོང་ཚོས་བྱ་བ་གལ་ཆེན་ཞིག་བསྒྲུབ་དགོས་ཤིང་། དེ་ནི་གོ་ཐལ་གཏོར་ནས་ལུག་ཁྱུར་མཚོ་ངོས་སུ་བདེ་འཇགས་ལྡན་པའི་ལམ་ཆུང་ཞིག་འཐེན་རྒྱུ་དེ་རེད།

    འདི་ནི་ཟླ་3ཚེས་6ཉིན་པར་ལེན་བྱས་པའི་ཕུ་མ་གཡུ་མཚོའི་མཚོ་དཀྱིལ་གྱི་གླིང་ཕྲན་ཡིན། (མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    པང་དུ་ལུ་གུ་འཁྱེར་བའི་ལུག་རྫི་བཀྲ་ཤིས། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    མཚོ་འགྲམ་ནས་མཚོ་དཀྱིལ་བར་འཐེན་པའི་ཐལ་མདོག་གི་ལམ་ཆུང་དེའི་རིང་ཚད་ཧྲིལ་པོར་སྤྱི་ལེ་3གཡས་གཡོན་ཡོད་པ་དང་། སྒྲོལ་མ་དང་གྲོང་ཚོའི་ནང་གི་བུད་མེད་ཚོས་བྱང་ཆ་ལྡན་པའི་ངང་ལས་འགན་དེ་ལེགས་སྒྲུབ་བྱས།

    "གོ་ཐལ་ནི་འཇམ་ལ་ཚི་ཡོད་པས་ལུག་ཁྱུས་རྫི་སྐབས་འདྲེད་བརྡབ་ཤོར་བདེ་པོ་མེད"ཅེས་སྒྲོལ་མས་བརྗོད།

    མཐུད་བ་གྲོང་ཚོའི་དཔྱིད་དུས་ནི་འཁྱགས་མཚོའི་ངོས་བརྒྱུད་པའི་ལམ་ཆུང་དེའི་མཐའ་ནའང་ཡོད།

    ལམ་ཆུང་འཐེན་པའི་ཐད་དང་དོད་ཆེན་པོ་བྱེད་དགོས་ཀྱི་ཡོད།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་མཐུད་བ་གྲོང་ཚོའི་གྲོང་མིས་ཞོགས་པ་གོ་ཐལ་འཁུར་ནས་ཕུ་མ་གཡུ་མཚོའི་མཚོ་འགྲམ་དུ་ཡོང་བ་དང་། བདེ་འཇགས་ལྡན་པའི་ལམ་ཆུང་འཐེན་རྒྱུའི་གྲ་སྒྲིག་བྱེད་པ། (ཟླ་3ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    གྲོང་ཚོའི་ནང་གི་བགྲེས་སོང་ཚོས་ལོ་མང་རིང་གི་ཉམས་མྱོང་ལ་བརྟེན་ནས་འཁྱགས་ངོས་ལ་ཞིབ་ལྟ་ལན་མང་བྱས་རྗེས་མཐར་དར་ཁ་ཆགས་ཚད་མཐུག་ཤོས་ཀྱི་ངོས་ཤིག་བདམས་ནས་བུད་མེད་ཚོར་གོ་ཐལ་བཤོ་དགོས་པའི་བཀོད་སྒྲིག་གནང་གི་ཡོད།

    ནམ་ལངས་མ་ཐག་མཚོ་དཀྱིལ་གྱི་གླིང་ཕྲན་སྟེང་གི་ལུག་ཁྱུ་རྣམས་དཔྱིད་དཔལ་ལ་ཕྱོགས་པའི་ལམ་དུ་ཆས་འགོ་ཚུགས། དེའི་ཐོག་ནས་ལུག་ཁྱུ་རྣམས་མཚོ་དཀྱིལ་གྱི་གླིང་ཕྲན་ཐོག་དུས་ཡུན་ཟླ་བ་གཅིག་ལྷག་ཙམ་རིང་རྩྭ་ཆུར་རོལ་བའི་དུས་ཚོད་འཇུག་འགྲིལ་བ་མཚོན་གྱི་ཡོད།

    མཐུད་བ་གྲོང་ཚོའི་གྲོང་མི་ནི་མི་རབས་ནས་མི་རབས་བྱས་ཏེ་ཕྱུགས་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བ་དང་། "ཕུ་མ་གཡུ་མཚོ་དང་ལུག་ཁྱུ་ནི་ཁོང་ཚོའི་འཚོ་བརྟེན་ཡིན"ཞེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་པད་མ་སྒྲོལ་དཀར་གྱིས་བརྗོད།

    ལུག་རྫི་བཀྲ་ཤིས་ཀྱིས་ལུག་ཐུག་གི་སྣེ་ཁྲིད་ནས་མཚོ་འགྲམ་ཕྱོགས་སུ་བསྐྱོད། ཁོང་གིས་ལུ་གུ་ཞིག་པང་དུ་བླངས་ནས་གོམ་པ་དང་པོ་དེ་སྤོས་པ་དང་དེ་རྗེས་ལུག་ཁྱུ་རྣམས་དལ་བུར་རྗེས་དེད་ནས་ཡོང་།

    རིང་ཚད་སྨི་500ལྷག་ཙམ་ཟིན་པའི་ལུག་ཁྱུའི་རུ་སྟར་དེ་རྩྭ་ཆུ་བཟང་བའི་གླིང་ཕྲན་ཆུང་ཆུང་དེ་ནས་བྲལ་འགོ་ཚུགས།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་པར་བླངས།

    སྐབས་དེ་དུས་ལུས་རྫིའི་སེམས་ནང་དངངས་སྐྲག་སྐྱེ་ཡོང་བ་དང་། ཁོང་ཚོས་ངེས་པར་དུ་མགྱོགས་ལ་བདེ་འཇགས་ངང་འཁྱགས་མཚོ་བརྒྱུད་དགོས་ཀྱི་ཡོད།

    འཁྱགས་མཚོ་བརྒལ་བའི་བརྒྱུད་རིམ་ཁྲོད་ལུག་འགའ་ཞིག་མདུན་དུ་བསྐྱོད་མི་ནུས་པས་ལུག་རྫིས་མཇུག་ནས་ག་ལེར་ཤུགས་ཀྱིས་འབུད་དགོས་པ་དང་། འགའ་ཞིག་ནི་ལམ་ཆུང་ཐོག་ནས་ཡོལ་བའི་རྐྱེན་གྱིས་འཁྱགས་ངོས་སྟེང་འདྲེད་བརྡབ་ཤོར་འགྲོ་བས་ལུག་རྫིས་སྐབས་ཤིག་རིང་པང་དུ་འཁྱེར་དགོས་ཀྱི་ཡོད།

    མཚོ་ངོས་ཀྱི་གླིང་ཕྲན་སྟེང་སྐྱེ་མཚར་བྱུང་བའི་ལུ་གུ་20ཡོད་པས་ལུག་རྫིས་དེ་དག་ལ་གཅེས་སྐྱོང་ལྷག་པར་བྱེད།

    མི་རིང་བར་ལུག་ཁྱུའི་ཁྲོད་ཀྱི་མ་མོ་འགའ་ཞིག་འུར་སྒྲ་དང་བཅས་མདུན་ཕྱོགས་སུ་ཤོར་འགྲོ་ཞིང་། དེ་ནི་དེ་སྔོན་དཔྱིད་ཀ་ཤར་སྐབས་མཐུད་བ་གྲོང་ཚོར་བག་ཕེབས་ངང་རྩྭ་ཆུར་རོལ་བའི་དུས་སྐབས་དྲན་པ་ལྟར་སྣང་། དེ་མ་ཐག་རེ་བས་ཕྱུག་པའི་བདེ་སྣང་ཞིག་ལུག་ཁྱུའི་ཁྲོད་དུ་ཁྱབ།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མཐུད་བ་གྲོང་ཚོའི་གྲོང་མིས་ཞོགས་པ་གོ་ཐལ་འཁུར་ནས་ཕུ་མ་གཡུ་མཚོའི་མཚོ་འགྲམ་དུ་ཡོང་བ་དང་། བདེ་འཇགས་ལྡན་པའི་ལམ་ཆུང་འཐེན་པའི་གྲ་སྒྲིག་བྱེད་པ། (ཟླ་3ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་པར་བླངས།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་པར་བླངས།

    མ་མོས་རང་གི་ལུ་གུ་རེ་འབོད་བྱེད་པ་དང་ལུ་གུས་མཚམས་རེར་འབའ་སྒྲ་སྒྲོག་བཞིན་འདུག ལུ་གུ་རྣམས་ངལ་དུབ་ཀྱི་རྐྱེན་པས་ལན་སློག་པའི་འབའ་སྒྲའང་སྒྲོག་མི་ཐུབ་པའི་སྐབས་མ་མོས་ཁ་བསྐོར་ནས་ཕྱིར་རང་གི་ལུ་གུ་འཚོལ།

    ལུག་ཁྱུ་རྣམས་ལམ་ཕྱེད་ཙམ་སྐྱོད་མཚམས་སུ་ཞོགས་པའི་ཉི་གཞོན་འཆར་ཡོང་བ་དང་། ཕུ་མ་གཡུ་མཚོའི་མཐའ་འཁོར་གྱི་གངས་རིའི་སྟེང་གསེར་འོད་ཁྲ་ལམ་མེར་འཕྲོད་པས་མཛེས་ལྗོངས་དེ་ནི་ལྷ་ཡུལ་དང་གཉིས་སུ་མ་མཆིས།

    འོན་ཀྱང་ལྷས་ར་སྤོ་བའི་ལུག་ཁྱུའི་ངོས་ནས་བརྗོད་ན་ཉི་གཞོན་ཤར་བ་ནི་ཉེན་བརྡ་ཞིག་དང་འདྲ་བར་ངེས་པར་དུ་རྒྱུག་ཚད་མགྱོགས་སུ་གཏོང་དགོས་པའི་སྐུལ་ལྕག་ཅིག་མ་ཡིན་ག་ལ་སྲིད།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མཐུད་བ་གྲོང་ཚོའི་གྲོང་མིས་ཕུ་མ་གཡུ་མཚོའི་མཚོ་ངོས་སུ་གོ་ཐལ་གཏོར་ནས་ལུག་ཁྱུར་བདེ་འཇགས་ལྡན་པའི་ལམ་ཆུང་བཟོ་བ། (ཟླ་3ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ལུག་རྫིས་ལུག་ཁྱུ་དེད་ཅིང་ཉི་གཞོན་གྱིས་ལུག་རྫིར་ཚ་འདེད་བཏང་། རྒྱུན་ཆད་མེད་པར་མདུན་དུ་རྒྱུག་པའི་ལུག་ཁྱུ་རྣམས་འཁྱགས་མཚོའི་ཐོག་གྲལ་སྒྲིག་པའི་རུ་སྟར་ཞིག་ཏུ་གྲུབ།

    2018ལོར། གནའ་བོའི་གྲོང་ཚོ་དེ་ཉིད་དབུལ་ཞྭ་ཕུད་ཐུབ་ཡོད། ན་ནིང་གྲོང་ཚོ་ཡོངས་སུ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16598ཟིན་པ་དང་གྲོང་མི་ཚང་མ་བོད་བཟོའི་ཁང་པ་གསར་པའི་ནང་སྤོས་ཡོད།

    དུས་ཡུན་ཆུ་ཚོད་གཅིག་ལྷག་ཙམ་བསྐྱོད་པ་བརྒྱུད་ལུག་ཐུག་གིས་ལུག་ཁྱུའི་སྣེ་ཁྲིད་དེ་གཅིག་རྗེས་གཉིས་མཐུད་ངང་མཚོ་འགྲམ་དུ་འབྱོར། མཚོ་འགྲམ་དུ་ལྷན་དུ་སླེབས་པ་ནི་ད་དུང་དཔྱིད་ཀྱི་རང་མདངས་ཡོད།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ལུག་ཁྱུས་བདེ་འཇགས་ལྡན་པའི་ལམ་ཆུང་དེད་ནས་ཕུ་མ་གཡུ་མཚོའི་འཁྱགས་ངོས་བརྒལ་བ། (ཟླ་3ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས

    མཐའ་མཇུག་གི་ལུག་དེ་འཁྱགས་ངོས་དང་བདེ་འཇགས་ངང་ཁ་བྲལ་སྐབས་རུ་སྟར་རིང་པོ་དེའང་གྲང་ངར་ལྡན་པའི་དགུན་དུས་ལས་ཁ་གྱེས་ཏེ་དཔྱིད་དཔལ་ཕྱོགས་སུ་བསྐྱོད།

    2019ལོའི་ལོ་མཇུག་བར། བོད་ལྗོངས་ཀྱི་དབུལ་པོའི་རྗོང་ཆུས་74ཡི་དབུལ་ཞྭ་ཕུད་ཐུབ་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་མི་འབོར་ཁྲི་62.8དབུལ་སྒྲོལ་ཐུབ་ཅིང་། དབུལ་པོའི་མི་འབོར་གྱི་མི་རེརའི་ཁེ་གཙང་ཡོང་འབབ་དེ་2015ལོའི་སྒོར་1499ནས་2019ལོའི་སྒོར་9328བར་འཕར་ཡོད།

    སྡུག་གི་མཐའ་ནས་བདེ་བ་འཆར། དེ་ནི་དཔྱིད་ཀྱི་དཔལ་ཡོན་ཡིན་པ་གོར་མ་ཆག །

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398050381