བོད་ལྗོངས།
ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་2021ལོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་དངུལ་རྩའི་ཞབས་ཞུའི་ལས་དོན་བཀོད་སྒྲིག་བྱས་པ།

    ཉེ་ཆར། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བོད་ཀྱི་ས་ཕྱོགས་གང་སར་དཔྱིད་རྨོད་དཔྱིད་འདེབས་འགོ་ཚུགས་པའི་དུས་དང་བསྟུན་ནས། 《2021ལོའི་དཔྱིད་རྨོད་དཔྱིད་འདེབས་རིང་དངུལ་རྩའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་རིམ་པ་གཉིས་པའི་ཡན་ལག་དངུལ་ཁང་ཁག་ལ་དུས་ཚོད་དམ་འཛིན་གྱིས་དཔྱིད་རྨོད་དཔྱིད་འདེབས་རིང་དངུལ་རྩའི་ཞབས་འདེགས་གང་ལེགས་ཞུ་དགོས་པའི་ཐད་བླང་བྱ་བཏོན་པ་རེད།

    བརྡ་ཐོའི་ནང་བསྟན་དོན། དཔྱིད་རྨོད་དཔྱིད་འདེབས་རིང་དངུལ་རྩའི་ཞབས་འདེགས་ཞུ་རྒྱུ་ནི་དངུལ་ཁང་དེས་ཞིང་འབྲོག་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་པའི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་པར་བརྟེན། དངུལ་ཁང་ཁག་གིས་ཞིང་ལས་རྒྱུ་ཆ་སྐྱེལ་འདྲེན་དང་། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས་གཉེར་སྐྱོང་བྱེད་པོའི་ཐོན་སྐྱེད་བསྐྱར་མ་རྒྱ་སྐྱེད་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཀྲུང་དབྱང་གིས་བོད་ལ་གནང་བའི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་ཁག་ལག་བསྟར་མཐར་ཕྱིན་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། དངུལ་ཁང་དེས་ན་ནིང་ནས་བཟུང“ཞིང་ཕན”རིཌ་ཀྱི་དངུལ་བུན་མང་དག་ཅིག་བཏང་ནས་གང་མཁོ་གང་འདེམས་ཀྱིས་ཞིང་འབྲོག་ཐོན་སྐྱེད་གཉེར་སྐྱོང་ཐད་ཀྱི་མ་དངུལ་གྱི་དགོས་མཁོ་སྐོང་གང་ཐུབ་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་འཛུགས་ལོ་དང་བསྟུན་ནས། འདི་ལོ་དེ་བས་མང་བའི་དངུལ་རྩའི་ཐོན་རྫས་གསར་གཏོད་དང་ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོར་གཞིཌ་ཏེ་དངུལ་རྩའི་སྒྲིག་ཆས་སྒྲིག་བཀོད་བྱས་ནས་འཚོ་བ་དང་ཐོན་སྐྱེད་ལ་སྟབས་བདེ་བསྐྲུན་རྒྱུ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་གྲོང་གསེབ་དར་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་དངུལ་རྩའི་ཞབས་འདེགས་ཞུ་རྒྱུ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398517391