བོད་ལྗོངས།
བོད་ལྗོངས་ཀྱིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྤུས་ཚད་ལེགས་པོས་སྐུལ་འདེད་བཏང་བ།

    ཉེ་དུས་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ཆེད་དོན་སྐུལ་འདེད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། བོད་ལྗོངས་ཀྱིས་སྒྲིག་འཛུགས་ལྡན་པའི་ལས་ཞུགས་གཞན་སྒྱུར་དང་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་དང་རྣམ་གྲངས་ཀྱི་བསྡུ་ལེན་དང་སྐུལ་ཁྲིད་ནུས་པ་གང་ལེགས་འདོན་པ། ཞིང་འབྲོག་པ“ཐོན་ལས་བཟོ་པར”འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་འབྲོག་པའི་རྒྱུན་མཐུད་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་སོགས་ཀྱིས་ནས་དང་། འབྲི་གཡག སྔོ་ཚལ། ལུག་སོགས་ཀྱི་ཐོན་ལས་ལ་དམིགས་ཤིང་། “ཕྱུགས་རིགས་ལྷས་རར་འཇུག་པ་དང་། ས་ཞིང་ནང་བཤུག་གཏོང་བ། དུད་ཚང་མཉམ་ལས་ཁང་ལ་ཞུགས་པ། མཉམ་ལས་ཁང་ཁེ་ལས་དང་ཟུང་འབྲེལ་བྱེད་པ། ཁེ་ལས་ཁྲོམ་ར་དང་སྦྲེལ་མཐུད་བྱེད་པ། ངལ་ནུས་ཕྱིར་གཏོང་བྱེད་པ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། ཁྱིམ་ཚང་ཞིང(འབྲོག)ར་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། 2021ལོར་ཞིང་འབྲོག་པ་ཁྲི་6.5ཡན་ལས་ཞུགས་གཞན་སྒྱུར་ཐུབ་རྒྱུར་སྐུལ་ཁྲིད་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་5.5ཡན་ཟིན་པའི་བརྩོན་ལེན་བྱེད་བཞིན་ཡོད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དང་རིག་གནས་ཐིང་སོགས་སྡེ་ཚན་གྱིས་རིག་གནས་ཡུལ་སྐོར་དང་རིག་གནས་ཁེ་ལས་ཀྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་དང་ཞབས་འདེགས་སྤུས་ཚད་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཞིང་འབྲོག་པ་ཁྲི་7.5ཡན་གྱི་ལས་ཞུགས་གཞན་སྒྱུར་ལ་སྐུལ་ཁྲིད་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་6ཡན་ཟིན་པའི་བརྩོན་ལེན་བྱེད་ཀྱི་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398663401