བོད་ལྗོངས།
ཉིང་ཁྲི་གྲོང་ཁྱེར་གྱི་2021ལོའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་བདེ་བླག་ངང་གཉེར་བ།

    ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱི་2021ལོའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་ཉིང་ཁྲི་གྲོང་ཁྱེར་ལག་རྩལ་བཟོ་པའི་སློབ་གྲྭར་བདེ་བླག་ངང་གཉེར་ཞིང་། འགྲན་བསྡུར་ཆེན་པོར་ཀྲུང་ལུགས་ཀྱི་ཟ་མ་གཡོས་སྦྱོར་བ་དང་། མགྲོན་ཁང་གི་ཞབས་ཞུ་བ། རྒན་འཁོགས་ལ་གཡོག་བྱེད་མཁན། བརྐོ་འདྲུའི་འཕྲུལ་འཁོར་གཏོང་མཁན། གློག་བཟོ་བ་བཅས་ཀྱི་ལས་རིགས་ལྔའི་འགྲན་བསྡུར་བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ལས་རིགས་མང་པོ་ནས་སླེབས་པའི་བདམས་ཐོན་པ་75མཐའ་བསྡུར་ལ་ཞུགས་ཡོད་པ་རེད།

    འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་མཐར་ཀྲུང་ལུགས་ཀྱི་ཟ་མ་གཡོས་སྦྱོར་བ་ཡུས་ཡུན་ཁྲོན་དང་། མགྲོན་ཁང་གི་ཞབས་ཞུ་བ་ཀརྨ་རིག་འཛིན། རྒན་འཁོགས་ལ་གཡོག་བྱེད་མཁན་བདེ་ཆེན། བརྐོ་འདྲུའི་འཕྲུལ་འཁོར་གཏོང་མཁན་ཉི་མ་ཚེ་རིང་། གློག་བཟོ་བ་ཐུབ་བསྟན་བཅས་འགྲན་བསྡུར་ལ་ཞུགས་མཁན་བདམས་ཐོན་པ་5ལ་འགྲན་བསྡུར་ཆེན་པོའི་གསེར་གྱི་བྱ་དགའ་ཐོབ་པ་དང་། གྲོང་ཁྱེར་ལག་རྩལ་བཟོ་པའི་སློབ་གྲྭ་སོགས་ཚན་པ་7ལ་འགྲན་བསྡུར་ཆེན་པོའི་ཕུལ་བྱུང་སྒྲིག་འཛུགས་ཀྱི་བྱ་དགའ་ཐོབ་ཡོད། ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ས་གནས་ས་ཐོག་ཏུ་འགྲན་བསྡུར་ཆེན་པོའི་གསེར་དང་དངུལ་གྱི་བྱ་དགའ་འཐོབ་མཁན་བདམས་ཐོན་པ་15ལ“ཉིང་ཁྲི་གྲོང་ཁྱེར་གྱི་ལག་རྩལ་འཇོན་ཐང་ཅན”གྱི་གཟི་བརྗིད་མཚན་སྙན་སྤྲད་པ་མ་ཟད། གོ་རིམ་ལྟར་ཁོ་ཚོའི་ལས་རིགས་ཀྱི་རྩལ་ནུས་རིམ་པ་དམིགས་བསལ་གྱིས་མཐོ་རུ་བཏང་བ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398663881