གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཕྱུག་ འགྱུར་ འཇོན་ ཐང་ ཅན་ ཚེ་ འཕེལ་ གྱི་ བདེ་ སྐྱིད་ ཕུན་ སུམ་ ཚོགས་ པའི་ ལམ།
2014-06-10        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཚེ་འཕེལ་ནི་སློབ་ཆུང་ལོ་རིམ་གཉིས་པ་ལས་འགྲོ་མྱོང་མེད་པའི་ཟོལ་མེད་གཞུང་དྲང་གི་སྤྱང་གྲུང་དོད་པའི་མི་ཞིག་རེད།ལོ་10ལྷག་ཙམ་ནས་ལྷ་ས་དང་།ལྷོ་ཁ།ནག་ཆུ་སོགས་སུ་ལས་ཀར་འགྲོ་མྱོང་ཡོད།དེ་སྔོན་ཁོང་ནི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཡིན་པ་ཤེས་མོད།འོན་ཀྱང་དོན་དམ་པའི་ཚེ་འཕེལ་ནི་ང་ཚོའི་བསམ་ཚོད་དང་ཧེ་བག་ཧ་ཅང་ཆེ།

    འདི་ལོ་ལོ་44སོན་པའི་ཚེ་འཕེལ་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་ལྷ་གདོང་གྲོང་ཚོར་སྐྱེས་ཤིང་།ཆུང་དུས་ཁྱིམ་ཚང་གི་འབྱོར་འཁོས་ཞན་པས་སློབ་ཆུང་ལོ་རིམ་གཉིས་པར་སྐྱོད་སྐབས།སློབ་མཚམས་བཞག་སྟེ་ཞིང་ལས་མི་བྱེད་ཀ་མེད་བྱུང་།བ་ཕྱུགས་གསོ་རྒྱུ་དང་།ཞིང་ཁ་འདེབས་རྒྱུ།རི་སྟེང་དུ་སྨན་འཐུ་རྒྱུ།ཚལ་བསྙལ་རྒྱུ་སོགས་མདོར་ན་ཁྱིམ་མི་མང་ཁར་དངུལ་གསོག་མཁན་ཉུང་བས།ན་སོ་གཞོན་པའི་ཚེ་འཕེལ་གྱིས་སྔ་ས་ནས་འཚོ་བའི་ཁུར་བུ་ཕྲག་ཐོག་ཏུ་ལེན་རྒྱུ་ལས་མ་འདས།

    ལོ་20སླེབས་པའི་ལོ་དེར་འཚོ་བའི་རྐྱེན་གྱིས་ཚེ་འཕེལ་ཕ་མ་དང་བྲལ་ཏེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གནའ་བོའི་སྒྱུ་རྩལ་ཨར་སྐྲུན་མཛེས་རྩལ་ཀུང་སིར་ཚོན་གཏོང་སྟངས་སྦྱོང་བར་སོང་།སྡོད་ཐེངས་གཅིག་ལ་ལོ་9བསྡད།དེ་རྗེས་ཚེ་འཕེལ་གྱིས་ལྷོ་ཁ་ས་ཁུལ་བསམ་ཡས་གཙུག་ལག་ཁང་དུ་ལོ་བཞི་ལྡེབས་རིས་འབྲི་སྟངས་སྦྱངས་ནས་བསྡད།དེའི་རིང་ཁོང་གིས་ཕོ་བྲང་པོ་ཏ་ལའི་ཉམས་གསོར་ཞུགས་པ་དང་འབྲེལ།ཁྲོམ་གཟིགས་ཁང་དུ་ཚོང་ཆུང་ཆུང་རྒྱག་མཁན་བདེ་སྐྱིད་སྒྲོལ་དཀར་ངོ་ཤེས་པ་མ་ཟད།ལོ་གཅིག་སོང་རྗེས་ཁོང་གཉིས་བཟའ་ཚོར་གྱུར།

    ཆང་ས་བརྒྱབ་རྗེས་ཚེ་འཕེལ་དང་བཟའ་ཟླས་ཁྲེང་ཀོན་ཆུས་དོག་སྡེ་ཤང་ལྷོ་ངོས་གྲོང་ཚོར་ལོགདུས་རྒྱུན་གྲོང་ཚོའི་མང་ཚོགས་ལ་དཀའ་ངལ་སེལ་རོགས་བྱ་རྒྱུར་དགའ་པོ་ཡོད་སྟབས།གྲོང་ཚོའི་མང་ཚོགས་ཚང་མས་ཚེ་འཕེལ་ལ་དགའ་པོ་བྱེད།2006ལོར་མང་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་56གྲབས་གསོག་བྱས་ནས་ཁོང་ལ་ཚང་མའི་སྣེ་ཁྲིད་དེ་ཐང་ག་བཞེངས་པ་དང་།གུར་འཚེམ་པ།བོད་བཟོའི་ནང་ཆས་བཟོ་བ།ཁང་པ་མཛེས་བཟོ་སོགས་བྱེད་དུ་བཅུག་པར་ལོ་ལྟར་ཁྱིམ་ཚང་རེར་ཁེ་བཟང་སྒོར་1000ནས་3000བར་ཡོང་གི་ཡོད་པ་རེད།

    2013ལོར་ཚེ་འཕེལ་གྱིས་གྲོང་ཚོའི་མང་ཚོགས་དང་གྲོས་བསྡུར་བྱས་པ་བརྒྱུད།དངུལ་བུན་སྒོར་ཁྲི་20གཡར་བའི་ཁར་ཁོངས་མིས་མ་དངུལ་བཏོན་ནས་ཁྲེང་ཀོན་ཆུས་ཚེ་འཕེལ་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཞིང་པའི་མཉམ་ལས་ཁང་བཙུགས་ཏེ་གཉེར་སྐྱོང་གི་ཁྱབ་ཁོངས་རྒྱ་ཆེར་བཏང་ཐོགབདེ་སྐྱིད་ཕུན་སུམ་ཚོགས་པའི་ལམ་གཏོད་རྒྱུའི་གཏན་འཁེལ་བྱས།

    ལྷ་འབྲི་བ་20ཡོད་པ་དེ་དག་གིས་དགོན་པའམ་ཡུལ་སྐོར་སྤྲོ་འཆམ་ཚན་པ་དང་གན་རྒྱ་བཞག་པར་ལོ་ལྟར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཡོང་བ་དང་།ཤིང་བཟོ་བ་15ཡོད་པ་དེ་དག་གིས་གཙོ་བོ་སྦག་ལྕོག་དང་།ཆ་སྒམ།མཆོད་གཤོམ།འབོ་སོགས་བཟོས་པར་ལོ་རེར་ཡོང་འབབ་སྒོར་ཁྲི་15ཡོང་བ།ཚོན་པ་མི་8ཡོད་པ་དེ་དག་གིས་གཙོ་བོ་ཞིང་འབྲོག་པའི་བདེ་སྡོད་ཁང་པར་ཚོན་གཏོང་བ་དང་།དཔྱང་རྒྱན་སྤྲོས་པ།སྒོ་དང་སྒེའུ་ཁུང་བཟོ་བ་སོགས་བྱས་པར་ལོ་ལྟར་ཡོང་འབབ་སྒོར་ཁྲི་15ཡོང་བ།དམར་འདུར་བཟོ་མཁན་ནི་8ཡོད་པ་དེ་དག་གིས་ལོ་ལྟར་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་ནས་གོ་སྙོད་དང་།ཕོ་བ་རིལ།བྱིའུ་སྒོགསྒོག་པ་ཤ་རྩི་སོགས་སྨན་སྣ་ཉོས་ནས་དམར་འདུར་བཟོས་པ་དེ་དག་གཙོ་བོ་ཁྲོམ་གཟིགས་ཁང་དུ་འཚོང་བ་ཕུད།ཐོན་རྫས་ཁག་གཅིག་ལྷོ་ཁ་དང་།གཞིས་ཀ་རྩེ།ནག་ཆུ།ཉིང་ཁྲི་སོགས་སུ་འཚོང་བ་དང་།ལོ་ལྟར་ཤེལ་དམ་དུ་བླུགས་པའི་སུར་པན་དམར་འདུར་ཁྲི་1ལྷག་ཙམ་དང་འགྱིག་ཤོག་ཏུ་བླུགས་པའི་སུར་པན་ཁྲི་5ལྷག་ཙམ་བྲིན་པར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཡོང་གི་རེད།

    དེང་སྐབས་ཚེ་འཕེལ་གྱི་མཉམ་ལས་ཁང་ལ་མི་70ལྷག་ཙམ་ཡོད་པ་དང་།ལོ་ལྟར་ལས་མིར་སྤྲད་པའི་གླ་ཆ་སྒོར་ཁྲི་50ལྷག་ཙམ་ཟིན་པ་མ་ཟད།ལོ་མཇུག་ཏུ་མང་ཚོགས་ལ་ཁེ་བཟང་སྒོར་ཁྲི་30ལྷག་ཙམ་བགོ་བཤའ་རྒྱག་གི་ཡོད་པས།ལོ་ལྟར་ཁོང་གི་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་20ཡོང་གི་ཡོད།གྲུབ་འབྲས་དེ་དག་ཐོབ་ཀྱང་།ཚེ་འཕེལ་གྱིས་འདོད་བློ་ཁེངས་ནས་མ་བསྡད་པར།ད་ལོ་བཟོ་ཁང་བརྒྱབ་ནས་ཁ་ཚང་དང་ཐུག་འཐག་གཉེར་ཏེ་མང་ཚོགས་དེ་བས་མང་བ་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱེད་རྩིས་ཡོད་པ་རེད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001333958381