གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཞོ་ གསར་ རོ་ བཅུད་ ཞིམ་། ཕྱུག་ འགྱུར་ ཉམས་ བཟང་ དགའ་།
2014-06-16        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    དཔྱིད་ཀའི་རྩྭ་ཐང་གི་གྲང་རླུང་ད་དུང་འཇགས་མེད་པས།ཕར་འགྲོ་ཚུར་འོང་གི་འགྲུལ་བཞུད་པ་མི་མང་པོ་ཞིག་གིས་ངོ་གདོང་མགོ་རས་ཀྱིས་བཏུམས་འདུགཡིན་ནའང་འདམ་གཞུང་རྫོང་མཁར་ཁྲོམ་གཞུང་གི་དཀྱིལ་དུ“ས་མཐོའི་འབྲི་ཞོ་ཚོང་ཁང”ཞེས་སྒོ་བྱང་མངོན་གསལ་དོད་པོར་བཀལ་བའི་ཚོང་ཁང་གི་སྒོ་ཁར་ཡར་འགྲོ་མར་འགྲོ་བྱེད་མཁན་གྱིས་་ཁེངས་ནས་ཧ་ཅང་འཁྲུག་པོ་ཡོད་པ་ནི།དེ་ཉིན་གཟའ་མཇུག་སླེབས་ཉེར་ཡོད་པས།མི་མང་པོས་ལྷ་སའི་སྤུན་ཉེར་ཞོ་ཉོ་བཞིན་འདུག

    “དེ་རིང་གི་ཞོ་རྫོགས་སོང་།སང་ཉིན་ཕེབས་རོགས”ཞེས་ཉིན་གུང་སླེབས་ཉེའི་སྐབས།ཞོ་ཚོང་ཁང་གི་སྦྱིན་བདག་ཨོ་རྒྱན་བསམ་གྲུབ་ཀྱིས་ཞོ་ཚང་མ་བཙོངས་ཟིན་པ་མཐོང་རྗེས།དེ་མུར་གཅིག་རྗེས་གཉིས་མཐུད་ངང་ཞོ་ཉོ་བར་ཡོང་བཞིན་པའི་འཛད་སྤྱོད་པ་རྣམས་ལ་དེ་ལྟར་བཤད།

    ཨོ་རྒྱན་བསམ་གྲུབ་ཀྱི་ཕ་ཡུལ་ནི་གནམ་མཚོ་ཤང་ཇ་དཀར་གྲོང་ཚོ་ནས་རེད།ལུང་ཁུག་གི་རི་གྲོང་དེར་ཐོན་ཁུངས་དཀོན་པས་འབྲོག་པ་རྣམས་ཀྱི་ཡོང་འབབ་ཀྱང་དེ་ཙམ་མེད།ཨོ་རྒྱན་བསམ་གྲུབ་དང་འབྲོག་པ་གཞན་རྣམས་ཀྱིས་ལོ40ཡི་གོང་འབྲོག་ལས་ཁོ་ནར་བརྟེན་པའི་འཚོ་བ་སྐྱེལ་གྱི་ཡོད་པས།ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ཞན།ཁྱིམ་དུ་ནང་མི10ཡོད་པ་ཚང་མ་མཉམ་དུ་སྨི་ངོས་གྲུ50ཡི་ས་ཕག་ཁང་ཆུང་ཞིག་ཏུ་སྡོད་ཅིང་།ལོ་ལྟར་ཤ་དང་རྩམ་པ་བརྗེས་ནས་འཚོ་བ་འཁྱོལ་ཐབས་བྱེད།

    དབུལ་བའི་རྐྱེན་གྱིས་བསམ་བློར་འགྱུར་བ་བྱུང་།ཨོ་རྒྱན་བསམ་གྲུབ་ཀྱིས་རྫོང་དུ་ཚོང་བརྒྱབ་སྟེ་འཚོ་བའི་འཁོས་ཀ་ཡག་ཏུ་ཇི་ལྟར་གཏོང་རྒྱུའི་ཐད་ལ་བསམ་བློ་ཡང་ཡང་བཏང་ནའང་ཐབས་ཤེས་ཡག་པོ་ཞིག་མ་རྙེད།

    འབྲོག་ཁུལ་དུ་ཡོད་པ་ནི་འོ་མ་ཡིན་པས།རྫོང་དུ་ཞོའི་ཚོང་ཁང་ཞིག་གཉེར་རྒྱུའི་སེམས་ཐག་བཅད་རྗེས།2006ལོའི་ཟླ6ཚེས20ཉིན་ཨོ་་རྒྱན་བསམ་གྲུབ་ཀྱིས་གཡག་གཉིས་བཙོངས་ནས་སྒོར་ཁྲི1.5གྲབས་གསོག་བྱས་ཏེ་འདམ་གཞུང་རྫོང་དུ་ཚོང་ཁང་གཉེར།

    སྐབས་དེ་དུས་འདམ་གཞུང་རྫོང་དུ་མི་མང་པོ་ཡོད་ནའང་།ཞོ་ལས་སྣོན་ཁང་གཅིག་ཀྱང་མེད།ཨོ་་རྒྱན་བསམ་གྲུབ་ཀྱིས་རྫོང་སྲིད་གཞུང་གི་སྒོ་འགྲམ་དུ་ཁང་པ་ཞིག་གླས་ཏེ་ཞོ་སྙོལ་བ་ནས་སློབ་སྦྱོང་བྱེད་འགོ་བཙུགས།“སྐབས་དེ་དུས་སྐད་བརྡ་མི་འཕྲོད་པ་དང་།མ་དངུལ་མི་འདང་བ།ཞོ་ལས་སྣོན་གྱི་འཕྲུལ་ཆས་སྤྱོད་མི་ཤེས་ལ།ཞོའི་སྤུས་ཚད་འགན་ལེན་གྱི་དུས་ཚོད་རིང་ཐུང་ཅི་ཡོད་པ་ཡང་མི་ཤེས།གང་ལྟར་ལས་སྣོན་བྱས་ཟིན་པའི་ཞོ་རང་ཉིད་ཀྱིས་ཀྱང་ཟ་མི་འདོད་པས།མི་གཞན་ལ་བཙོངས་ན་ག་ལ་འགྲིག”ཅེས་ཨོ་རྒྱན་བསམ་གྲུབ་ཀྱིས་སྐབས་དེ་དུས་ལས་གཏོད་བྱས་པའི་བརྒྱུད་རིམ་ལྷང་ངེར་དྲན་ནས་བཤད།

    “ཡག་པོ་མ་ལངས་པའི་རྐྱེན་གྱིས་ཞོ་མང་པོ་ཞིག་དབྱུགས་དགོས་བྱུང”ཞེས་ཨོ་རྒྱན་བསམ་གྲུབ་ཀྱིས་འཚོལ་ཞིབ་བྱས་པ་བརྒྱུད།ཞོ་སྙོལ་སྟངས་ཁོང་དུ་ཆུད་ཚུལ་བཤད།

    ལོ་དེའི་ཟླ10པར་ཨོ་རྒྱན་བསམ་གྲུབ་ལ་གྲོགས་པོས་ངོ་སྤྲོད་བྱས་པ་བརྒྱུད།གོར་མོ་ནས་སྒོར6000རི་བའི་ཞོ་ལས་སྣོན་འཕྲུལ་འཁོར་གཅིག་ཉོས་ཏེ“འཕྲུལ་འཁོར་སྤྱོད་པའི”ལམ་དུ་བསྐྱོད།འཕྲུལ་འཁོར་སྐྱོན་ཤོར་ཚེ་།ཁོང་གིས་བཤིགས་ནས་བཟོ་བཅོས་བྱེད་རིམ་བཞིན་འཕྲུལ་འཁོར་དེའི་སྤྱོད་སྟངས་ཁོང་དུ་ཆུད།ལོ་དེའི་ལོ་མཇུག་ཏུ་ཨོ་་རྒྱན་བསམ་གྲུབ་ལ་ཐོག་མར་ཁེ་བཟང་སྒོར་ཁྲི3བྱུང་ནས་མ་གནས་ཚང་མ་ལྷོགས་རྗེས།ཁོང་ལ་སེམས་ཤུགས་བསྐྱེད་དེ་་བཟོ་ཁང་ལོ་གསུམ་གླས་པར་ལོར་ཡོང་འབབ་ཁེ་གཙང་སྒོར་ཁྲི4ཡས་མས་བྱུང་ཡོད།

    རྒྱུ་སྟོབས་ཆེ་རུ་སོང་བ་དང་སྦྲགས།2008ལོར་ཨོ་་རྒྱན་བསམ་གྲུབ་ཀྱིས་རྫོང་མཁར་གྱི་མཐུན་སྒྲིལ་ལམ་ནས་ཡང་ཁང་མིག་གཅིག་གླས་ཏེ་ལས་སྣོན་འཕྲུལ་ཆས་གཉིས་གསར་དུ་བསྣན་ནས་ཞོ་དང་།ཕྱུར་སྐམ།ཕྱུ་ར་སོགས་སྣ་ཁ4བཟོས་ནས་འབབ་འཕར་གྱི་ཐབས་ལམ་ཡངས་སུ་བཏང་།

    2009ལོར་ཨོ་རྒྱན་བསམ་གྲུབ་ཀྱིས་ལག་ཡོད་དངུལ་སྒོར་ཁྲི15བཏང་སྟེ་རྫོང་དུ་རང་ལ་བདག་པའི་ཁང་གསར་ཞིག་བརྒྱབ་པ་དང་།2010ལོར་སྒོར་ཁྲི17བཏང་ནས་ཕ་ཡུལ་ཇ་དཀར་གྲོང་ཚོར་སྨི་ངོས་གྲུ130ཟིན་པའི་ཁང་གསར་ཞིག་བརྒྱབ།2011ལོར་སྒོརཁྲི་12བཏང་ནས་སན་ལིང་བྱེས་བགྲོད་རླངས་འཁོར་ཞིག་ཉོས།2012ལོར་ཞོ་ལས་སྣོན་ཡན་ལག་ཚོང་ཁང་དང་པོ་དབུ་མ་ཐང་ཤང་དུ་སྒོ་ཕྱེ།2013ལོར་ལྷ་སའི་པོ་ཏ་ལའི་ཞོ་ཚོང་ཁང་དང་།གཉན་ཆེན་ཐང་ལའི་ཞོ་ཚོང་ཁང་།གནམ་མཚོའི་ཞོ་ཚོང་ཁང་སོགས་སྔ་རྗེས་སུ་གཉེར།

    བཀྲ་ཤིས་པའི་བྱ་བ་དེ་དག་གི་དགའ་བས་ཁ་ཡང་ཟུམ་མི་ཐུབ་པའི་ཨོ་རྒྱན་བསམ་གྲུབ་ཀྱིས་མི་གཅིག་ཕྱུག་པོར་གྱུར་པ་ཕྱུག་པོ་མིན་ཞེས་བཤད་ཅིང་།ད་ཆ་ཨོ་རྒྱན་བསམ་གྲུབ་ཀྱིས་ཞོ་ལས་སྣོན་ཁང་བཙུགས་ནས་ཆ་དགའ་གྲོང་ཚོའི་ཐེམ་ཐུད200ལྷག་ཙམ་གྱི་སྣེ་ཁྲིད་དེ་ལོར་ཡོང་འབབ་སྒོར20ལྷག་ཙམ་བྱུང་བ་མ་ཟད།ལག་རྩལ་གྱི་མཛུབ་ཁྲིད་བྱས་པ་བརྒྱུད།རྫོང་མཁར་གྱི་ཐེམ་དུད9ཡིས་ཞོ་ལས་སྣོན་ཁང་བཙུགས་པ་རེད།

    ད་ཆ་ཨོ་རྒྱན་བསམ་གྲུབ་ཀྱིས་ལས་སྣོན་བྱས་པའི་ཞོ་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ནས་མཁོ་སྤྲོད་དཀའ་བར་གྱུར་ན་ཡང་།ཁོང་གི་སེམས་སུ་ཚོང་རྟགས་ཤིག་བཟོས་ཏེ་རང་ཉིད་ཀྱི་ཞོའི་ལེན་པར་སྐད་གྲགས་ཆོད་པ་ཞིག་བྱེད་འདོད་པར་གྱུར། 

མཛའ་འབྲེལ་དྲ་བ།
010020070840000000000000011100001334103341