གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ཁྲིམས་ ལུགས་ འབུམ་ རམས་ པ་ བློ་ བཟང་ ཆོས་ འཕེལ་ གྱི་ ཁྲིམས་ སྐྱོང་ ཕུགས་ བསམ།

 
2016-01-06        གསར་འགྱུར་འབྱུང་ཁུངས། བོད་ལྗོངས་འཕྲིན་དྲ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ལྷ་སའི་འདམ་ར་ལམ་དུ་གནས་པའི་ཧུན་ཧྥུན་ཁྲིམས་རྩོད་ཁང་གི་ལས་ཤག་ཏུ། བློ་བཟང་ཆོས་འཕེལ་ལགས་ཀྱིས་རབ་གསལ་གྱི་སྐྱོར་སྟེགས་ལ་བསྙེས་ནས་རྒྱང་ལ་གཟིགས་ཤིང་། ཡངས་ཤིང་ལྟ་ན་སྡུག་པའི་ལྷ་ཀླུ་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དང་། རྒྱང་རིང་ནས་མཆེད་འོངས་པའི་མེ་འཁོར་གྱི་དུང་སྒྲ་རིང་མོ་བཅས་ཀྱིས་ཁོ་རང་འདས་དོན་གྱི་ཀློང་དུ་ཁྲིད། ཁོང་གི་ཀྱག་ཀྱོག་གི་མི་ཚེའི་བཞུད་ལམ་དེ་ལོ་ཟླའི་ཆུ་རྒྱུན་ལ་གསལ་ཏེ། གངས་ལྗོངས་ས་མཐོའི་ཡུལ་དུ་ལྟེ་ཁྲག་འཐོར་བ་ནས་དར་རྒྱས་ཆེ་བའི་རྒྱལ་ས་པེ་ཅེང་དུ་སློབ་གཉེར་མཛད་པ། ཕྱིའི་རྒྱལ་ཁམས་འགྲིམས་ཏེ་ལས་ལ་བརྩོན་པ། མུ་མཐུད་དུ་ཁྱིམས་སྐྱོང་བདེན་རྩོད་ཀྱི་ཕུགས་རེ་ཕ་ཡུལ་དུ་བཅོལ།

    བློ་བཟང་ཆོས་འཕེལ་ནི་སྤྱི་ལོ་1971ལོར་བོད་ལྗོངས་ཆབ་མདོའི་ཡུལ་དུ་སྐྱེས་ཤིང་། སྤྱི་ལོ་1987ལོར་སློབ་ལ་བརྩོན་པའི་ཁོང་གིས་གཡུར་དུ་ཟ་བའི་གྲུང་འབྲས་བླངས་ཏེ་ཀྲུང་གོའི་ན་གཞོན་ཆབ་སྲིད་སློབ་གླིང་དུ་སྲིད་ཁྲིམས་སྦྱོང་བའི་སྐལ་བ་ཐོབ། སློབ་ཆེན་དུ་དཀའ་བ་དང་དུ་བླངས་ཏེ་སློབ་གཉེར་མཛད་པས་ཁྲིམས་ལུགས་ཤེས་བྱའི་རྨང་གཞི་བཏིང་བ་དང་མཐོང་ཐོས་ཀྱི་རྒྱ་བསྐྱེད། སློབ་མཐར་ཕྱིན་རྗེས་ཁོ་རང་བོད་ལྗོངས་ཁྲིམས་འཛིན་ཐིང་གི་ལས་བྱེད་པ་ཞིག་ཏུ་གྱུར་བ་རེད།

    སྤྱི་ལོ 2002 ལོར། བློ་བཟང་ཆོས་འཕེལ་ཨ་རིར་ཕྱིན་ནས་ཁོ་ལུམ་པི་ཡཱ་སློབ་ཆེན་དུ་ཨ་རིའི་རིག་གནས་དང་ལོ་རྒྱུས་ལ་སྦྱང་བ་བྱས། དེ་གར་ཁོང་གིས་གྲོན་དངུལ་འཚོལ་ཞོར་དུ་ཏན་ཏིག་ངང་སློབ་ལ་བརྩོན་པས། ལོ་ཕྱེད་ཙམ་ལ་ཨ་རིའི་སློབ་ཆེན་དུ་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱལ་སྤྱིའི་ཁོར་ཡུག་ཁྲིམས་ལུགས་སྦྱོང་བའི་གོ་སྐབས་ལྡན། དེ་ལྟར་ལས་ཀ་ཡག་ཐོག་ལ་ཡོད་ཚོད་བློས་བཏང་བའི་ཁོ་བོར་ཉེ་འཁོར་གྱི་མིས་འཕྱ་སྨོད་བྱས་ཀྱང་། ཁོང་ལ་རང་ཉིད་ཀྱི་གནས་ལུགས་དང་བདེན་ཁ་ཡོད་དེ། རང་ཡུལ་དུ་ལས་ཀ་སྒྲུབ་ཚེ་ལོ་གཅིག་རིང་ཡོང་སྒོ་མི་ཉུང་བ་ཐོབ་ཐུབ་ཡང་། སྐབས་དེར་བོད་དུ་ཕྱི་རྒྱལ་གྱི་སྐད་ལ་བྱང་ཆ་ལྡན་པའི་ཁྲིམས་ལུགས་རྟོགས་མཁན་ཧ་ཅང་དཀོན་པས། ཕྱི་རྒྱལ་དུ་བསྐྱོད་ན་དེ་གར་སྐད་དང་ཡི་གེ་ཁོ་ན་སྦྱང་བ་ཙམ་མིན་པར་ཕྱི་རྒྱལ་གྱི་ཁྲིམས་ལུགས་ལའང་སློབ་སྦྱོང་བྱ་ཐུབ་སྙམ།

    སྤྱི་ལོ 1995ལོར། བློ་བཟང་ཆོས་འཕེལ་གྱིས་བློ་ཐག་ཆོས་པོས་བོད་ཁུལ་གྱི་སྒེར་གཉེར་ཁྲིམས་རྩོད་ཁང་ཐོག་མ་སྟེ། བོད་ལྗོངས་ཧིན་ཧྥུན་ཁྲིམས་རྩོད་ཁང་བཙུགས་པ་དང་སྦྲགས། ཞིང་པ་དང་བཟོ་པ་སོགས་ལ་རོགས་རམ་བྱེད་པ་དེ་འགན་ཁུར་ཞིག་ཏུ་བརྩིས་པ་དང་། སྤྱི་ལོ 2005 ལོར། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཆོག་མཆན་ཐོབ་པ་བརྒྱུད། བོད་ཀྱི་ཁྲིམས་རྩོད་པས་ཐོག་མར་གཉེར་བའི་ཞིང་འབྲོག་ལས་བཟོ་པའི་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ཏེ། བོད་ལྗོངས་དབྱངས་ཅན་ཁྲིམས་རྩོད་རོགས་སྐྱོར་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུའི་གཙོ་འགན་ཁུར་བ་དང་། དེའི་ནང་ཀྲུའུ་རེན་གཞོན་པའི་འགན་བཞེས་པ་རེད།

    སྤྱི་ལོ 2009 ལོར། བློ་བཟང་ཆོས་འཕེལ་གྱིས་ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་དམངས་ཁྲིམས་དང་ཚོང་ཁྲིམས་མཉམ་གཉེར་འབུམ་རམས་པར་རྒྱུགས་འཕྲོད་དེ། ཁྲིམས་ལུགས་ཀྱི་འབུམ་རམས་པའི་མཚན་སྙན་ཐོག་མ་བླངས་མཁན་བོད་ལྗོངས་པར་གྱུར། སྤྱི་ལོ 2012 ལོར་སློབ་མཐར་ཕྱིན་ཏེ་ཡང་བསྐྱར་བོད་ལྗོངས་ལ་ལོག་ནས་ཁྲིམས་ལུགས་ཀྱི་ལས་ཀ་སྒྲུབ་པ་རེད།

    དུས་རབས་གོང་མའི་ལོ་རབས་དགུ་བཅུ་བའི་དུས། བོད་ལྗོངས་ས་ཁུལ་དུ་ད་དུང་འཕེལ་རྒྱས་ཆེན་པོ་བྱུང་མེད་སྟབས། མི་དམངས་ཀྱི་འཚོ་བ་དང་བསམ་བློ་གཞན་དང་བསྡུར་ཚེ་ཅུང་རྗེས་ལུས་སུ་སྣང་བ་དང་། ཁྲིམས་ལུགས་ཀྱི་འདུ་ཤེས་ཀྱང་དེ་བཞིན་ཡིན་པས། སྐབས་དེར་ཁོའི་སེམས་སུ་རང་གིས་ཁྲིམས་རྩོད་པའི་ལས་དོན་ཁང་ཞིག་གཉེར་ཏེ་བོད་རིགས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། ཁོང་ཚོས་ཁྲིམས་ལུགས་ལ་བརྟེན་ཏེ་རང་ཉིད་ཀྱི་ཁེ་དབང་ཇི་ལྟར་སྲུང་སྐྱོང་བྱེད་ཤེས་སུ་འཇུག་པའི་བློ་སྐྱེས་མྱོང་ཟེར།

    བློ་བཟང་ཆོས་འཕེལ་ལགས་ཀྱིས་ཨ་རིར་སློབ་སྦྱོང་བྱེད་དུས་ཁོ་རང་གིས་དེ་གའི་མི་རེ་རེས་ཁྲིམས་ལུགས་ལ་བརྟེན་ཏེ་རང་གི་ཁེ་དབང་ཇི་ལྟར་སྲུང་སྐྱོང་བྱ་དགོས་པའི་གནས་ལུགས་རྟོགས་ཡོད་པ་ཚོར་བྱུང་ཞེས་བརྗོད། སྤྱི་ལོ 2004ལོར་ཁྲིམས་ལུགས་ཀྱི་འབུམ་རམས་སློབ་མཐར་ཕྱིན་རྗེས། ཨ་རིའི་ཀུང་སི་མང་པོ་ཞིག་གིས་ཁོང་ལ་དེ་གར་ལས་ཀ་བྱེད་པའི་གོ་སྐབས་སྤྲད་ཀྱང་། བོད་ལྗོངས་ཀྱི་འབངས་མི་སེར་ཀུན་གྱིས་ཁྲིམས་ལུགས་རྟོགས་ན་ཅི་མ་རུང་སྙམ་པའི་ཀུན་སློང་སྐྱེས་ཏེ། ཁོང་ཉིད་ཐེ་ཚོམ་སྤུ་ཙམ་མེད་པར་ཡང་བསྐྱར་རང་ཡུལ་དུ་ལོག་པ་རེད།

    ད་ཆ་བློ་བཟང་ཆོས་འཕེལ་ལ་ལག་རོགས་ཁྲིམས་རྩོད་པ 18 ཡོད་ཅིང་། ཁྲིམས་རྩོད་རོགས་སྐྱོར་ལྟེ་གནས་བཙུགས་པ་ནས་ད་བར་ཁྱོན་བསྡོམས་ཁྲིམས་ལུགས་འདྲི་རྩད་ཀྱི་གྱོད་དོན 2456ལྷག་དང་། རོགས་སྐྱོར་ཐག་བཅད་ཀྱི་གྱོད་དོན 465ཟིན་ལ་གྱོད་དོན་དང་འབྲེལ་བའི་དངུལ་སྒོར་ཁྲི 750ལྷག་རྩད་གཅོད་བྱེད་ཐུབ་པ་བྱུང་། ཁོང་གིས་ང་ཚོས་ཁྲིམས་ལུགས་རོགས་སྐྱོར་བྱེད་པའི་གོ་རིམ་ཁྲོད། མི་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་བསྟུན་ནས། ཐབས་བརྒྱ་ཇུས་སྟོང་གིས་ཁྲིམས་ལུགས་ཤེས་བྱ་ཁྱབ་བསྒྲགས་གང་མང་བྱས་ཏེ། ཁོ་ཚོའི་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོ་རུ་བཏང་བ་ཡིན་ཞེས་བརྗོད།

    བོད་ལྗོངས་མི་སེར་རྣམས་ལ་ཁྲིམས་ལུགས་ཀྱི་རྒྱབ་རྟེན་ཞིག་འཚོལ་ཆེད། བློ་བཟང་ཆོས་འཕེལ་དང་ཁོའི་ལས་གྲོགས་ཚོས་ལོ་རེར་ཞིང་འབྲོག་མང་ཚོགས་ལ་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད། མང་ཚོགས་ཀྱིས་སྔར་ལས་ཁྲིམས་ལུགས་ཤེས་བྱ་དཔྱིས་ཕྱིན་པ་རྟོགས་ཆེད། སྤྱི་ལོ 2006ལོར། ཁོང་གིས་བོད་ལྗོངས་ཁྲིམས་ལུགས་དཔེ་མཛོད་ཆ་འཕྲིན་ལྟེ་གནས་ཐོག་མ་དེ་བཙུགས་ཤིང་། དེ་ཡང་བོད་ལྗོངས་ཀྱི་སྤྱི་པའི་ཁྲིམས་ལུགས་དཔེ་མཛོད་ལྟེ་གནས་ཐོག་མ་དེ་ཡིན། བོད་ལྗོངས་དཔེ་མཛོད་ཁང་གི་ཁྲིམས་ལུགས་དཔེ་མཛོད་ལྟེ་གནས་སུ་ཡོད་ཅིང་། དེར་ཁྲིམས་ལུགས་ཀྱི་རིག་གཞུང་དང་། ཁྲིམས་ལུགས་ཆེད་རྩོམ། ཁྲིམས་ལུགས་སློབ་དེབ་སོགས་དེབ་སྣ 6000ལྷག་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349824661