གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཁེར་ ཆགས་ གླིང་ ཕྲན གྱི་ ལོ་ རྒྱུས་ མཇུག་ འགྲིལ་ ཏེ་ མཛེས་ སྡུག་ ལྡན་ པའི་ འབྱུང་ འགྱུར་ བཏོད།
2013-11-03       གསར་འགྱུར་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ལོ་4དང་ཟླ་6ཙམ་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་སྒང་གཤོང་མི་སྙོམས་པ་ཆེ་ཤོས་དང་།རང་བྱུང་གཟར་ཚད་ཆེ་ཤོས།ཆར་ཆུ་བབས་ཚད་ཆེ་བ།ས་ཡོམ་གྱི་སུབས་ཁ་ཆེ་ཤོས།ས་གཤིས་ཀྱི་གནོད་འཚེ་མང་ཤོས།ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་ཤོས་བཅས“ཆེས་ཆེ་ཤོས་དྲུག”ལས་རྣམ་པར་རྒྱལ་ཏེ་2013ལོའི་ཟླ་10ཚེས་31ཉིན་རིང་ཚད་ལ་སྤྱི་ལེ་117དང་མ་དངུལ་སྒོར་དུང་ཕྱུར་16ཙམ་བཏང་བའི་མེ་ཏོག་གི་གཞུང་ལམ་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་ནས་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་མཐའ་མཇུག་ཏུ་གཞུང་ལམ་ཤར་གཏོང་ཐུབ་པའི་མེ་ཏོག་རྫོང་འདི་ཉིད་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་དྲ་བའི་ནང་དངོས་སུ་བཅུག་པ་རེད།

    མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་ནི་ལོ་རྒྱུས་ཐོག་བཀོད་པ་ཞིག་ཡིན་ལ་ལོ་རྒྱུས་འབྲི་བའི་དུས་རབས་ཀྱི་བྱ་གཞག་རླབས་པོ་ཆེ་ཞིག་དང་།མེ་ཏོག་དང་ལྗོངས་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་ལ་བརྟན་པོར་ངེས་པའི་རླབས་ཆེའི་དུས་ཤིག་རེད།ང་ཚོས་ཐུན་མོང་ཐོག་ལག་ཟུང་བརྐྱངས་ནས་རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་འབའ་ཞིག་ཡིན་པའི་མེ་ཏོག་གི་ལོ་རྒྱུས་མཇུག་འགྲིལ་ཏེ་ཐུན་མོང་ཐོག་རྒྱལ་ཡོངས་དང་བོད་རང་སྐྱོང་ལྗོངས་ཀྱི་རྫོང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་བར་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་དང་ང་ཚོས་ཐུན་མོང་ཐོག་མེ་ཏོག་རྫོང་དང་བོད་རང་སྐྱོང་ལྗོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བྱེད།

    མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་ཁ་ཤས་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་།འཕེལ་སྒྱུར་ཨུ་ལྷན།ནོར་སྲིད་པུའུ་སོགས་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར།སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབད་བརྩོན་ལྷོད་མེད།རྒྱལ་ཡོངས་འགྲིམ་འགྲུལ་མི་སྣའི་ཡུན་རིང་དཀའ་སྤྱད་འབད་འཐབ།རྒྱ་ཆེའི་འཛུགས་སྐྲུན་པ་ཚོའི་བློ་གྲོས་དང་རྔུལ་ཆུ་དང་ཚེ་སྲོག་བཅས་འདུས་ཡོད།

    བོད་ཞི་བས་བཅིངས་འགྲིལ་བཏང་རྗེས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད།རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱིས་མེ་ཏོག་གཞུང་ལམ་འཛུགས་སྐྲུན་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་བ་ཟབ་མོ་འཆང་བཞིན་སེམས་ནུས་མང་པོ་བཏོན་ཐོག་སྔ་རྗེས་སུ་མེ་ཏོག་གཞུང་ལམ་འཛུགས་སྐྲུན་ཐེངས་ལྔ་བྱས་ཡོད།ལོ་50ལྷག་ཙམ་གྱི་དཀའ་སྤྱད་འབད་འཐབ་བརྒྱུད་མི་རབས་ནས་མི་རབས་བར་གྱི་འཛུགས་སྐྲུན་པ་ཚོས་འཛམ་གླིང་ཐོག་མཐོང་དཀོན་པའི་ས་གཤིས་ཆ་རྐྱེན་ཞན་པོར་མི་འཛེམ་པར་ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་ཀྱི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ལས་རྣམ་པར་རྒྱལ་བས་ད་ཆ་ལས་འགན་ཆེན་པོ་དེ་ཕུན་སུམ་ཚོགས་པོའི་ངང་བསྒྲུབས་ཡོད།མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པས་ང་ཚོས་ལོ་རྒྱུས་གཏོད་པའི་ཐོག་ནས་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བར་བྱས་ཡོད།

    མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་ནི་རྒྱལ་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་དང་།བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་མཚོན་རྟགས་གལ་ཆེན་ཞིགམེ་ཏོག་གི་མི་རིགས་ཁག་གི་མི་དམངས་ལ་ཚེ་སྲོག་གྱི་ལམ་བུ་དང་།མཐུན་སྒྲིལ་གྱི་ལམ་བུ།དཔལ་འབྱོར་གྱི་ལམ་བུ།སྣོད་བཅུད་གྱི་ལམ་བུ།བདེ་སྐྱིད་ཀྱི་ལམ་བུ་བཅས་བསྐྲུན་པ་ཞིག་རེད།རང་ལྗོངས་ཀྱི་འགྲིམ་འགྲུལ་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་དུས་སྐབས་གསར་པའི་དེང་འདིར་རྒྱལ་ཡོངས་སུ་རླངས་འཁོར་ཤར་གཏོང་མི་ཐུབ་པའི་རྫོང་མཐའ་མཇུག་དེར་རླངས་འཁོར་ཤར་གཏོང་ཐུབ་ཡོད།ང་ཚོས་ལྗོངས་ཡོངས་དང་།རྒྱལ་ཡོངས།འཛམ་གླིང་བཅས་ལ་བོད་དུ་རྫོང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པའི་ཁས་ལེན་དམ་བཅའ་ཁྱབ་བསྒྲགས་བྱ་རྒྱུ་ཡིན།

    མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རེ་སྒུག་ཡུན་རིང་བྱས་པའི་དོན་ཆེན་དང་དགའ་འོས་པའི་བྱ་བ་ཞིག་ཡིན་པས་དེར་ཆབ་སྲིད་དང་།དཔལ་འབྱོར།དམངས་གཙོ།རྒྱལ་སྲུང་།སྣོད་བཅུད་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང་མེ་ཏོག་གི་མི་རིགས་ཁག་གི་མང་ཚོགས་ཀྱི་འགྲོ་སྐྱོད་ཆ་རྐྱེན་དང་ཐོན་སྐྱེད་དང་འཚོ་བ་ལེགས་གཏོང་དང་ས་ཆ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ནུས་པ་གལ་ཆེན་ཐོན་རྒྱུ་རེད།མེ་ཏོག་གཞུང་ལམ་གསར་སྐྲུན་རྒྱས་སྐྲུན་དང་བསྟུན་ནས་མེ་ཏོག་རྫོང་གིས་འབྱུང་འགྱུར་ལ་ཕྱོགས་ཏེ་དུས་བསྟུན་མདུན་སྐྱོད་ཀྱིས་དོན་དངོས་ལ་གཞི་ཚུགས་ནས་སྔ་སྣུར་དུ་ཇུས་འགོད་བྱས་ཏེ་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་འགོད་བཞིན་ཡོད།མེ་ཏོག་རྫོང་གི་མི་རིགས་ཁག་གི་མི་དམངས་ཀྱིས་ངེས་པར་དུ་རེ་བས་ཁེངས་པའི་བདེ་སྐྱིད་ཀྱི་ལམ་བུ་དེའི་ཐོག་སྤྲོ་སེམས་དང་།དཔའ་ངར།བློ་གྲོས་བཅས་ལ་བརྟེན་ནས་མི་རྣམས་ཧང་སངས་བའི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ངེས་ལགས།

མཛའ་འབྲེལ་དྲ་བ།
010020070840000000000000011100001328553331