༄༅།། བོད་ ལྗོངས་ ཀྱིས་ མཚོ་ སྔོན་ གྱི་ ཚགས་ ཤ་ འཁྱགས་ མ་ ནང་ འདྲེན་ བྱས་ པར་ དགའ་ བསུ་ ཐོབ་ པ།
 
2013-12-23       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ། ཁྲོམ་རའི་ཟོག་གོང་བརྟན་པོ་ཡོང་བ་དང་འཛད་སྤྱོད་པའི་དགོས་མཁོ་སྐོང་ཆེད། ཟླ་བཅུ་གཅིག་པ་ཤར་ཚུན་རང་སྐྱོང་ལྗོངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་དང་མཐུན་སྦྱོར་གྱིས་མཚོ་སྔོན་ཞིང་ཆེན་ནས་ཚགས་ཤ་འཁྱགས་མ་ནང་འདྲེན་བྱས་ཏེ་ལྷ་སའི་ཁྲོམ་རར་མཁོ་འདོན་བྱས་ཏེ་ལྷ་སའི་པའེ་དབྱི་དང་། ལེ་པའེ་ལུང་།ལེ་ཐན། ཧྲེན་མེ་ཅ་སོགས་སྒོ་རྩིས་ཚོང་ཁང་དུ་བཙོངས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཚགས་ཤའི་རིན་གོང་མཐོ་དྲགས་པའི་གནད་དོན་ཞི་ལྷོད་དུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཟོག་གོང་ཅུས་ཀྱིས་སྐུལ་སྤེལ་ཐེངས་མང་བཏང་བ་བརྒྱུད་ད་ཆ་སྒོ་རྩིས་ཚོང་ཁང་ཁག་གི་ཚགས་ཤ་འཁྱགས་མ་སྟོད་དེབ་ལ་གཅིག་གྱུར་ཐོག་རྒྱ་མ་རེར་སྒོར་29.50དང་། སྨད་དེབ་ལ་གཅིག་གྱུར་ཐོག་སྒོར་30ཚགས་ཤ་འཁྱགས་མའི་རྩིབ་ཤ་རྒྱ་མ་རེར་སྒོར་24བཅས་བྱེད་ཀྱི་ཡོད་པ་རེད། རིན་གོང་སྙོམས་བྱེད་ཀྱི་མཚོ་སྔོན་གྱི་ཚགས་ཤ་འཁྱགས་མ་ཕྱིར་ཚོང་ཟླ་བ་གཅིག་བྱས་པར་རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད། ཟླ་བ་གཅིག་ནང་སྒོ་རྩིས་ཚོང་ཁང་ཁ་ཤས་ཀྱི་ཕྱིར་ཚོང་བྱ་ཡུལ་ཚང་མར་ཟོག་ཁུངས་ཁ་གསབ་མང་པོ་བརྒྱབ་ཡོད་པ་རེད།    

མཛའ་འབྲེལ་དྲ་བ།
010020070840000000000000011100001329886881