གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། སྤྱི་ ལོ་ 2014ལོར་ བོད་ རང་ སྐྱོང་ ལྗོངས་ ཀྱིས་ གྲངས་ ཉུང་ མི་ རིགས་ ཀྱི་ གོང་ འཕེལ་ མ་ དངུལ་ སྒོར་ དུང་ ཕྱུར་ 4དང་ བྱེ་ བ་ 5དོན་ འཁྱོལ་ ཧུར་ ཐག་ བྱ་ རྒྱུ་ རེད།
2014-02-25       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    སྤྱི་ལོ་2014ལོར་བོད་རང་སྐྱོང་ལྗོངས་ཀྱིས་བརྟན་པོའི་ཁྲོད་གོང་འཕེལ་ཡོང་རེ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་ཡར་རྒྱས་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་ཁོང་དུ་ཆུད་པ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེར་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་འཛུགས་བྱེད་སྒོ་ཤུགས་ཆེར་གཏོང་རྒྱུ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་བཅས་ཡིན་པ་རེད། ད་ལོ། བོད་རང་སྐྱོང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་སློབ་གསོ་མུ་མཐུད་ཤུགས་ཆེར་གཏོང་རྒྱུ་དང་། ཏང་གི་མི་རིགས་རིག་གཞུང་དང་མི་རིགས་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་བརྗོད་བྱ་གཙོ་བོ་རྒྱུན་འཁྱོངས་བྱེད་རྒྱུ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་ཡིན་པ་རེད། གཞན་ཡང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་གསར་འཛུགས་བྱེད་སྒོར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་གསར་འཛུགས་ཀྱི་བྱེད་སྒོ་རྒྱ་ཁྱབ་སྤེལ་རྒྱུ་དང་། མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དཔེ་སྟོན་ས་ཚིགས་ནས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གསར་འཛུགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བར་རོགས་རམ་བྱ་རྒྱུ། མཐའ་དར་དམངས་ཕྱུག་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དམངས་འཚོ་འགན་སྲུང་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་རྒྱུ། མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་ཁ་གསབ་ཁྱབ་ཁོངས་དང་མ་དངུལ་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་འཚོལ་ཞིབ་ཧུར་ཐག་བྱེད་རྒྱུ་དང་། འབད་བརྩོན་ཆེན་པོས་སྤྱི་ལོ་2014ལོར་གྲངས་ཉུང་མི་རིགས་ཀྱི་གོང་འཕེལ་མ་དངུལ་སྒོར་དུང་ཕྱུར་4དང་བྱེ་བ་5དོན་འཁྱོལ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001331412121