གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ རང་ བྱུང་ འཐུང་ ཆུའི་ ཐོན་ ལས་ འཕེལ་ རྒྱས་ ཤུགས་ ཆེར་ གཏོང་ བ།

 
2014-06-10        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཟླ་6ཚེས་8ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱས་ཤིང་།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས《བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་བརྟག་ཞིབ་སྙན་ཞུའི》ཐོག་གནང་བའི་གལ་ཆེའི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་དང་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་ཐད་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་འགོ་ཁྲིད་ལ་ཤུགས་སྣོན་དང་ཞབས་ཞུ་བྱེད་ནུས་ཆེ་རུ་གཏོང་བ།སྲིད་གཞུང་གི་ཁྲིད་སྟོན་དང་འོས་སྦྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རང་སྐྱོང་ལྗོངས་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་མཉམ་འབྲེལ་ཞིབ་བཤེར་ཆོག་མཆན་དང་དུས་བཀག་ལེགས་སྒྲུབ་བྱ་རྒྱུའི་ལམ་ལུགས་བཙུགས་ཏེ་རང་ལྗོངས་ཀྱི་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེ་གཏོང་བ་དང་།རང་བྱུང་འཐུང་ཆུའི་ལས་རིགས་མཐུན་ཚོགས་བཙུགས་ནས་ལས་རིགས་ཀྱི་ཚད་གཞི་གཏན་འཁེལ་བྱེད་པ་དང་ས་བབ་མཚོན་རྟགས་ཁྱབ་གདལ་གཏོང་བ།དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་ཆེ་གྲས་དང་སྤུས་རྟགས་ཡག་པོ་ཁག་གཅིག་གཏོད་དེ་རང་ལྗོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་འགྱུར་བ་དང་།འཐུང་ཆུའི་ཐོན་ལས་དེ་རང་ལྗོངས་ཀྱི་ལེགས་ལྡན་ཀ་རྟེན་ཐོན་ལས་དང་དཔལ་འབྱོར་འཕར་གཞི་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001333958581