གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཀྱི་ བུད་ མེད་ དང་ བྱིས་ པའི་ ལས་ དོན་ ལ་ བཀྲག་ མདངས་ འཚེར་ ས་ མང་ བ།

 
2014-06-24        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
    གསར་འགོད་པས་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན།ཉེ་བའི་ལོ་ཤས་རིང་།ལྗོངས་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་དང་ཁོངས་མིའི་ཚན་པ་ཁག་གིས་བུད་མེད་དང་བྱིས་པའི་ལས་དོན་ལ་འགོ་ཁྲིད་བྱ་ཤུགས་ཆེ་རུ་བཏང་བ་དང་འགན་འཁྲི་ཏན་ཏིག་ཁུར་ནས་འཆར་གཞིའི་དམིགས་ཚད་ལྟར་ལས་དོན་ཧུར་ཐག་བསྒྲུབས་པ་དང་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་དང་དཀའ་གནད་སེལ་རོགས་བྱས་ཏེ་བུད་མེད་དང་བྱིས་པའི་བྱ་གཞག་གི་འཆར་གཞི་ལག་བསྟར་གཏིང་ཟབ་བསྟར་ནས་ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་བརྟན་པོའི་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།

    བུད་མེད་དང་བྱིས་པའི་སློབ་གསོའི་ཆུ་ཚད་མཐོ་རུ་ཕྱིན་ཡོད་ཅིང་།ལྗོངས་ཡོངས་སུ་འོས་འགན་སློབ་གསོའི་ལོ་བཅོ་ལྔའི་རིན་མེད་ཀྱི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་ཏེ་ཞིང་འབྲོག་པའི་བུ་ཕྲུག་མཐོ་སློབ་ཏུ་བསྡུ་བའི་བསྡུར་ཚད་60%བར་མང་དུ་སོང་བ་དང་ངལ་རྩོལ་མི་འབོར་གྱི་མི་རེའི་སློབ་གསོ་དང་ལེན་བྱེད་པའི་ལོ་ཚད་8.4ཟིན་ཡོད།ལྗོངས་ཡོངས་སུ་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་ཞུགས་བྱེད་ཚད་99.5%ཟིན་པའི་ནང་བུ་མོ་སློབ་ཞུགས་བྱེད་ཚད་99%ཟིན་ཡོད་པ་རེད།ལྗོངས་ཡོངས་སུ་ད་ཆ་བུ་བཅོལ་ཁང་613ཡོད་པ་དང་བུ་བཅོལ་ཁང་དུ་བྱིས་པ་ཁྲི་7.3ཡོད་པའི་ནང་བུ་མོ་ཁྲི་3.6ཟིན་པ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཁྱིམ་ཚང་སློབ་གསོའི་སློབ་ཚོགས་བཙུགས་པ་དང་།མིག་སྔར་ལྗོངས་ཡོངས་སུ་རྒྱལ་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ལྟེ་གནས་4ཡོད་པ།རྒྱལ་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་ལས་དོན་གྱི་དཔེ་སྟོན་སྡེ་ཁུལ་གསུམ་བཙུགས་པ།རྒྱལ་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་དཔེ་སྟོན་རྫོང་1བཙུགས་པ།རྒྱལ་ཡོངས་ཀྱི་གཞི་རིམ་དཔེ་སྟོན་ཁྱིམ་བདག་སློབ་གྲྭ་དང་བྱིས་པའི་ཁྱིམ་5བཙུགས་ཡོད་པ་རེད།“དཔྱིད་ཀྱི་ཟེ་འབྲུའི་འཆར་གཞི”སོགས་སྤྱི་ཕན་རྣམ་གྲངས་བརྒྱུད་དཀའ་ངལ་ཡོད་པའི་བུ་མོ་7000ལྷག་ཙམ་ལ་རོགས་རམ་བྱས་ཡོད་པ་རེད།

    བུད་མེད་དང་བྱིས་པའི་འཕྲོད་བསྟེན་དང་འཕྲོད་སྦྱོར་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད་ཅིང་།མིག་སྔར་རང་ལྗོངས་ཀྱི་འཕྲོད་བསྟེན་ལས་རིགས་སྡེ་ཚན་གྱི་འབད་བརྩོན་འོག་ལྗོངས་ཡོངས་སུ་ས་ཁུལ་དང་གྲོང་ཁྱེར་རིམ་པའི་མ་བུ་འཕྲོད་སྦྱོར་ཁང་7དང་།རྫོང་རིམ་པའི་མ་བུ་འཕྲོད་སྦྱོར་ས་ཚིགས་74 ཤང་གྲོང་དང་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་5000ལྷག་ཙམ་བཅས་བཙུགས་ཡོད་པ་རེད།ལྗོངས་ཡོངས་སུ་བཙའ་ལོ་རན་པའི་བུད་མེད་ཁྲི་87ཡོད་པ་དང་།སྦྲུམ་མ་འཆི་ཚད་མི་ཁྲི་10ཡི་ནང་ནས་མི་154.51ཟིན་པ།ཕྲུ་གུ་དམར་འབྱར་འཆི་ཚད་19.97‰ཟིན་པ།ལོ་ལྔ་མན་གྱི་བྱིས་པ་འཆི་ཚད་24.46‰ཟིན་པ་དེ་སྔོན་མ་དང་བསྡུར་ན་ཆག་པ།སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེས་ཚད་82.23%མཐོ་རུ་ཕྱིན་པ།ཞིང་འབྲོག་པའི་སྦྲུམ་མ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེས་པར་སྨན་རིན་ཚང་མ་འགྲོ་སོང་རྩིས་ཞུ་བྱས་པ་དང་འབྲེལ་ཁོང་ཚོ་དང་སྐྱེལ་མཁན་ལ་རོགས་དངུལ་སྤྲོད་པ་དང་སྦྲུམ་མ་སྐྱེ་བདེ་མིན་དང་དབུལ་པོ་ཡིན་མིན་སོགས་ལ་དམིགས་ནས་དམིགས་བསལ་གྱི་རོགས་དངུལ་སྒོར་100ནས་500བར་སྤྲོད་ཀྱི་ཡོད།རྫོང་ཚང་མས་ལོ་ལྟར་སྒོར་ཁྲི་20སྦྲུམ་མ་དང་ཕྲུ་གུ་དམར་འབྱར་མྱུར་སྐྱོབ་ཐད་ལ་སྤྱོད་ཀྱི་ཡོད།“འབྲས་སྐྲན་གཉིས”ཀྱི་ཚོད་ལྟའི་རྫོང་13གྱི་གྲོང་གསེབ་ཀྱི་བུད་མེད་ལ་རིན་མེད་བརྟག་དཔྱད་ཐེངས་ཁྲི་4ལྷག་ཙམ་བྱས་པ་དང་བུད་མེད་ཀྱི“འབྲས་སྐྲན་གཉིས”ལ་སྨན་བཅོས་བྱ་རྒྱུ་དེ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ནད་གཞི་ཆེ་རིགས་འགན་ལེན་དང་སྐྱེས་མ་དབུལ་པོའི“འབྲས་སྐྲན་གཉིས”ཀྱི་སྨན་བཅོས་བྱེད་ཁོངས་སུ་བཅུག་ནས་ནད་པའི་སྨན་རིན་རྩིས་ཞུ་བྱེད་ཚད་90%ཡན་ཟིན་པ་དང་མི་རེར་ཆ་སྙོམས་སྒོར་ཁྲི་1གི་རོགས་རམ་ཚད་གཞི་ལྟར་རོགས་དངུལ་ཁྲི་172སྤྲད་ཟིན་པ་རེད།

    རང་ལྗོངས་ཀྱི་སྦྲུམ་མས་རིན་མེད་ངང་ཡེ་སོན་ཁ་གསབ་བྱེད་པའི་སྐོར་ཤེས་ཚད་85%ཡན་དང་སྨན་གཏོང་ཚད་70%ཡན་ཟིན་ཡོད་ཅིང་།བྱིས་པའི་འཚོ་བཅུད་ལེགས་གཏོང་རྣམ་གྲངས་ཀྱི་ཚོད་ལྟའི་རྫོང་17གྱི་བཙས་མ་ཐག་པ་ནས་ལོ་གཉིས་བར་གྱི་བྱིས་པར་འཚོ་བཅུད་སྟེར་བ་དང་ལྗོངས་ཡོངས་སུ་བྱིས་པའི་ལྷན་སྐྱེས་སྙིང་ནད་འཐེན་བཤེར་གྱི་རིན་མེད་བརྟག་དཔྱད་སྤྱིར་ན་བྱས་ཟིན་པ་དང་བྱིས་པ་2065ལ་རིན་མེད་སྨན་བཅོས་བྱས་པ་རེད།

    བུད་མེད་དང་བྱིས་པའི་སྤྱི་ཚོགས་འགན་ལེན་ཆུ་ཚད་མཐོ་རུ་ཕྱིན་ཡོད་ཅིང་།རང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་དཀའ་ངལ་ཡོད་པའི་བུད་མེད་ལ་ལས་གནས་བཀོད་སྒྲིག་བྱས་པ་དང་ལྗོངས་ཡོངས་ཀྱི་ལས་ཞུགས་མི་གྲངས་ཁྲི་205.5ཟིན་པའི་ནང་བུད་མེད་ཁྲི་76.1ཟིན་པ་དེས་ལས་ཞུགས་མི་གྲངས་བསྡོམས་འབོར་གྱི་37%བཟུང་བ་དང་།2013ལོ་ཁོ་ནར་ལྗོངས་ནང་ཁུལ་དུ་བུད་མེད་ལས་ཞུགས་མི་གྲངས་ཁྲི་3.22འཕར་བ།ཞིང་འབྲོག་ཁུལ་གྱི་བུད་མེད་ཁྲི་69.85ལས་ཞུགས་གཞན་སྒྱུར་བྱས་པ།ལྗོངས་ཡོངས་ཀྱི་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་ཁྲི་18.5ཟིན་པའི་ནང་བུད་མེད་ཁྲི་8ཡོད་པ་རེད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001334330681