གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ལྷ་ སས་ གཞུང་ ལམ་ འགྲིམ་ འགྲུལ་ བདེ་ འཇགས་ ཆེད་ དོན་ བཅོས་ སྒྲིག་ བྱེད་ པ།

 
2014-08-18        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་ཆེད།དེ་རིང་ནས་བཟུང་།ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་དུས་ཡུན་ཟླ་བ་གཅིག་རིང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཞིབ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།ད་རེས་ཀྱི་བྱ་སྤྱོད་སྤེལ་རིང་།གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་ཐོན་བཟོ་ཡོད་སར་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ“འགོ་ཁྲིད་ཨང་དང་པོའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་དང་དོན་དངོས་དང་ཟུང་འབྲེལ་གྱིས་ཇུས་གཞི་ཞིབ་ཚགས་སུ་གཏོང་བ་དང་།འགན་འཁྲི་ཁ་གསལ་བཟོ་བ།ཉེན་རྟོག་པ་ཚང་མ་སྐུལ་སློང་བྱེད་པ།བྱ་ཐབས་ཁག་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་པ་བཅས་བྱས་ནས་གནད་དོན་གཅིག་ཤེས་རྟོགས་བྱུང་མ་ཐག་དེ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་ཐུབ་པ་བྱ་རྒྱུ་རེད།བྱ་སྤྱོད་སྤེལ་རྗེས་ལྟ་ཞིབ་དང་སྒྲིག་ཨུད་སོགས་འབྲེལ་ཡོད་སྡེ་ཚན་གྱིས་བྱ་སྤྱོད་སྤེལ་ཚུལ་ལ་རྗེས་འདེད་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་ལས་དོན་ཁག་ཕྱི་ཚུལ་ཙམ་མ་ཡིན་པ་དང་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་བའི་གྲུབ་འབྲས་འགན་ལེན་བྱ་རྒྱུ་རེད།ཆེད་དོན་བྱ་སྤྱོད་སྤེལ་རིང་འགན་འཛོལ་བྱུང་ནས་མཇུག་འབྲས་ངན་པ་དང་ཤུགས་རྐྱེན་ངན་པ་བཟོས་རིགས་ཀྱི་སྡེ་ཚན་གྱི་འགན་འཁུར་བར་འབྲེལ་ཡོད་ཀྱི་སྒྲིག་ཁྲིམས་གཏན་འབེབས་གཞིར་བཟུང་ཆད་གཅོད་ནན་པོ་བྱ་རྒྱུ་མ་ཟད་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན།ད་རེས་ཀྱི་བྱ་སྤྱོད་སྤེལ་རིང་།ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་ཁག་སྐུལ་སློང་བྱས་ནས་འགྲིམ་འགྲུལ་དང་།སློབ་གསོ།བདེ་འཇགས་ལྟ་སྐུལ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གཞུང་ལམ་འགྲུལ་སྐྱེལ་དང་།ཉེན་ཡོད་དངོས་རྫས་ཀྱི་སྐྱེལ་འདྲེན་རླངས་འཁོར།མྱུར་ཚད་དམའ་བའི་དོས་སྐྱེལ་རླངས་འཁོར།སྤྱི་སྤྱོད་རླངས་འཁོར།བདལ་གཏོང་རླངས་འཁོར།འདྲུད་འཐེན་འཕྲུལ་འཁོར་སོགས་བཅོས་སྒྲིག་བྱ་ཡུལ་གཙོ་བོར་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྡེ་ཚན་ཁག་གི་རང་འགན་གང་ལེགས་འཁུར་ཐོག་འབྱུང་རྩ་དང་བདེ་འཇགས་ཀྱི་ཆེས་ནན་ཤོས་ཀྱི་ལྟ་སྐུལ་དོ་དམ་བྱ་རྒྱུ་ཡིན་པ་རེད།

    ལམ་ངོས་དོ་དམ་ཐད་ལྷ་ས་གྲོང་ཁྱེར་རིམ་ཁག་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལས་མི་ཚང་མ་གཞུང་ལམ་ཐོག་གཏོང་བ་དང་རླངས་འཁོར་དང་སྒྲིག་ཆས་ཚང་མ་སྐོང་བསྡུ་བྱས་ཏེ་སྐོར་ཞིབ་བྱེད་ཚད་མཐོ་རུ་བཏང་ནས་ལམ་ངོས་ཀྱི་ལྡིར་སོའི་ཡོ་བྱད་མ་ལག་དང་།གློག་རྡུལ་མྱུར་ཚད་ཚད་འཇལ་མ་ལགཁྲིམས་འགལ་ལྐོག་འཛིན་མ་ལག་སོགས་ཀྱི་ལག་རྩལ་གང་ལེགས་སྤྱད་དེ་མྱུར་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་བ་དང་།འཁོར་ལམ་གཞིར་བཟུང་རླངས་འཁོར་མི་གཏོང་བ།འཕྲལ་སྡོམ་འཁོར་ལམ་ཁྲིམས་འགལ་ངང་བཟུང་ནས་འགྲུལ་པ་བླུགས་པ་དང་འབེབས་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་འཕྲུལ་སྒུལ་འཁོར་རིགས་མྱུར་ཚད་ལས་བརྒལ་བ་དང་།འགྲུལ་པ་ཚད་ལས་བརྒལ་བ།ངལ་དུབ་ངང་རླངས་འཁོར་གཏོང་བ།ཆང་བཏུངས་འཁོར་གཏོང་།ཨང་རྟགས་དང་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་སོགས་དང་དེ་བཞིན་དུས་བཀག་ལས་ཡོལ་ནའང་ཞིབ་དཔྱད་མི་བྱེད་པ་དང་ཁྲིམས་འགལ་ངང་བཟོ་བཅོས་བརྒྱབ་པའི་རླངས་འཁོར་དང་བེད་མེད་དུ་བཞག་པའི་རླངས་འཁོར་གཏོང་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱ་ཤུགས་ཆེ་རུ་གཏོང་རྒྱུ་དང་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་དང་སྣུམ་འདྲེན་དམིགས་བསལ་རླངས་འཁོར་ལ་ཞིབ་བཤེར་དང་དོ་དམ་བྱ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་རེད།ད་རེས་ཀྱི་བྱ་སྤྱོད་སྤེལ་རིང་ད་དུང་ཞིང་འབྲོག་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་དོ་དམ་བྱ་ཤུགས་སྔར་བས་ཆེ་རུ་བཏང་ནས་སྦག་སྦག་དང་།ཞིང་སྤྱོད་མྱུར་ཚད་དམའ་བའི་དོས་སྐྱེལ་རླངས་འཁོར།འདྲུད་འཐེན་འཕྲུལ་འཁོར།ལྗིད་ཐེག་རླངས་འཁོར་སོགས་ཁྲིམས་འགལ་སྒྲིག་འགལ་ངང་གཏོང་མཁན་ལ་ཞིབ་བཤེར་ཐག་གཅོད་བྱ་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ཀྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་རྒྱུ་དང་ཆབས་ཅིག་སློབ་གྲྭའི་མཐའ་འཁོར་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དོ་དམ་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་ནས་དགེ་སློབ་ཚོར་སློབ་གསོ་དང་དྲན་སྐུལ་གཏོང་བ་དང་།སློབ་གྲྭའི་མཐའ་འཁོར་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་གཅོད་ནན་པོ་བྱེད་པ།སློབ་གྲྭའི་མཐའ་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་རིམ་ཁག་སྲིད་གཞུང་ལ་ཆེད་དོན་སྙན་སེང་ཞུ་བ་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་བརྡ་ཁྱབ་གཏོང་བ།སློབ་མ་དང་བྱིས་པ་སྐྱེལ་བསུའི་རླངས་འཁོར་དང་འགྲོ་འོང་བྱེད་མཁན་མི་སྣར་བཀོད་འདོམས་དང་ཁ་འགྲེམས་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སློབ་མ་བདེ་འཇགས་ངང་གཞུང་ལམ་སྒྲོལ་རྒྱུར་སྲུང་སྐྱོབ་བྱས་ཏེ་སློབ་གྲྭའི་མཐའ་འཁོར་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་།གོ་རིམ་ལྡན་པ།ཤར་གཏོང་བཅས་ཡོང་བའི་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་པ་རེད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001335646041