གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ རང་ སྐྱོང་ ལྗོངས་ ཀྱི་ གྲོང་ ཁྱེར་ དང་ གྲོང་ གསེབ་ ཀྱི་ གྲོང་ མིའི་ གཞི་ རྩའི་ རྒན་ གསོ་ འགན་ བཅོལ་ གྱི་ ལག་ བསྟར་ བྱེད་ ཐབས ཚོད་ ལྟའི་ ལག་ བསྟར

 
2014-09-05        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་འགན་སྲུང་མ་ལག་བཟོ་བ་དང་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་སྤྱི་འདོམས་མཐུན་སྦྱོར་བྱས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་ཕྱིར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས》དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་གཅིག་གྱུར་བཟོ་རྒྱུའི་སྐོར་གྱི་བསམ་འཆར》རྒྱལ་འགྲེམས2014ཡིག་ཨང་8པམི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ་ཡི《གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་ལམ་ལུགས་སྦྲེལ་མཐུད་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས་འགྲེམས་སྤེལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་འགྲེམས་སྤེལ་བྱས་པའི2014ཡིག་ཨང་17པབཅས་ཀྱི་དགོངས་དོན་གཞིར་བཟུང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེད་ཐབས་དེ་གཏན་འབེབས་བྱས་པ་ཡིན།

    དོན་ཚན་གཉིས་པ། རང་ལྗོངས་ཀྱི་ཐེམ་ཐོ་ཡོད་པ་དང་། རང་ལོ་16ཧྲིལ་པོ་ལོན་པསློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཚུད་མེདརྒྱལ་ཁབ་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་མི་སྣ་མིན་པ་དང་། དེ་བཞིན་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི་ཁོངས་སུ་མ་གཏོགས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡིན་ཕྱིན། ཐེམ་ཐོ་ཡོད་ས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལགཤམ་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ཞེས་བརྗོདནང་ཞུགས་ཆོག

    གྲོང་ཁྱེར་དང་གྲོང་རྡལ་གྱི་རང་འདོད་ལས་ཞུགས་མི་སྣ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་ཆོག་ལ། རང་མོས་ངང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་ཆོག་ནའང་འགན་བཅོལ་རིགས་གཅིག་ནང་མ་གཏོགས་ཞུགས་མི་ཆོག

    དོན་ཚན་གསུམ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་དེ“ཁྱོན་ཡོངས་ལ་ཁྱབ་པ་དང་། གཞི་རྩའི་འགན་ལེན་ཐུབ་པ། རྐྱང་བསྐུམ་ཆོག་པ། རྒྱུན་བསྲིང་ཐུབ་པ”བཅས་ཀྱི་རྩ་བའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཀྱི་སྤྱི་འདོམས་དང་མི་སྒེར་གྱི་རྩིས་ཐོ་ཟུང་འབྲེལ་བྱེད་པའི་ལམ་ལུགས་ཀྱི་དཔེ་དབྱིབས་མཐའ་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ། མི་སྒེརཁྱིམ་ཚངདང་། མཉམ་སྡེབ། སྲིད་གཞུང་བཅས་ཀྱིས་ལུགས་མཐུན་ངང་འགན་ཁག་བགོས་བྱས་ནས་མ་དངུལ་གྲབས་གསོག་གི་ཚད་གཞི་དང་ཐོབ་ཐང་གི་ཚད་གཞི་དེ་དཔལ་འབྱོར་འཕེལ་རྒྱས་དང་ཕྱོགས་ཁག་གི་ཐེག་ནུས་དང་བསྟུན་པ་དང་། དབང་ཆ་དང་འོས་འགན་འཚམ་པ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྲིད་གཞུང་གིས་གཙོ་ཁྲིད་དང་གྲོང་མིས་རང་མོས་བྱ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རྒན་གསོ་འགན་བཅོལ་ནང་ཧུར་ཐག་ཞུགས་རྒྱུར་སྣེ་ཁྲིད་དང་ལྕག་སྐུལ་བྱེད་དགོས།

    དོན་ཚན་བཞི་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་དེ་མི་སྒེར་གྱི་རྩིས་ཐོ་དང་རྨང་གཞིའི་རྒན་གསོའི་དངུལ་ཟུང་འབྲེལ་བྱེད་པའི་དངུལ་གཏོང་སྤྲོད་བྱེད་ཐབས་ལག་ལེན་བསྟར་བ་དང་མི་སྒེར་གྱིས་གྲོན་དངུལ་འཇལ་བ་དང་། མཉམ་སྡེབ་ཀྱིས་ཁ་གསབ་རོགས་དངུལ་སྤྲོད་པ། སྲིད་གཞུང་གིས་ཁ་གསབ་སྤྲོད་པ་བཅས་ཟུང་འབྲེལ་བྱེད་པའི་གྲབས་གསོག་བྱེད་སྟངས་ལག་ལེན་བསྟར་དགོས།

    དོན་ཚན་ལྔ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ཐེབས་རྩ་དེ་རང་སྐྱོང་ལྗོངས་རིམ་པས་དོ་དམ་བྱེད་པའི་གཅིག་གྱུར་གྱི་ལམ་ལུགས་དཔེ་དབྱིབས་དང་། གཅིག་གྱུར་གྱི་སྲིད་ཇུས་ཚད་གཞི། གཅིག་གྱུར་གྱི་གཉེར་སྐྱོང་ཞབས་ཞུ།གཅིག་གྱུར་གྱི་ཆ་འཕྲིན་མ་ལག་བཅས་ལག་ལེན་བསྟར་དགོས།

    ལེའུ་གཉིས་པ། ཐེབས་རྩ་གྲབས་གསོག

    དོན་ཚན་དྲུག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ཐེབས་རྩ་དེ་མི་སྒེར་གྱི་གྲོན་དངུལ་དང་། མཉམ་སྡེབ་ཀྱི་ཁ་གསབ་རོགས་དངུལ། སྲིད་གཞུང་གི་ཁ་གསབ་བཅས་ལས་གྲུབ་པ་དང་། རིམ་པ་བགོ་བ་དང་ལོ་ལྟར་གྲོན་དངུལ་འཇལ་བའི་བྱེད་ཐབས་བརྒྱུད་གྲོན་དངུལ་འཇལ་དགོས།

    གཅིགམི་སྒེར་གྱི་གྲོན་དངུལ།འགན་བཅོལ་ནང་ཞུགས་པའི་ཆ་རྐྱེན་དང་མཐུན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་གཏན་འབེབས་ལྟར་རྒན་གསོ་འགན་བཅོལ་དངུལ་འཇལ་དགོས།གྲོན་དངུལ་འཇལ་བའི་ཚད་གཞི་ནི་ལོ་ལྟར་སྒོར་100དང་། 200 300 400 500 600 700 800 900 1000 1500 2000བཅས་རིམ་པ་12ལ་བགོས་ཡོད། ཚད་གཞི་སྒོར་2000ལས་མཐོ་བ་ཡོད་ཚེ་སྒོར་100གྲོན་དངུལ་འཇལ་བའི་རིམ་པ་ཞིག་ཏུ་བརྩིས་ཏེ་འགན་བཅོལ་ནང་ཞུགས་མཁན་གྱིས་རང་མོས་ངང་གདམ་ག་བྱས་ནས་གྲོན་དངུལ་མང་བ་འཇལ་ན་ཐོབ་ཆ་མང་བ་ཡོད་པ་དང་དུས་ཚོད་རིང་བ་འཇལ་ན་ཐོབ་ཆ་མང་བ་ཡོད། འགན་བཅོལ་ནང་ཞུགས་མཁན་གྱིས་གྲོན་དངུལ་འཇལ་བའི་ཚད་གཞི་དེ་སྒོར་2000ལས་མཐོ་བ་གདམ་ག་བྱེད་ཆོག་ཀྱང་མང་ཤོས་སྒོར་3000ལས་བརྒལ་མི་རུང་།

    གཉིསམཉམ་སྡེབ་ཀྱི་ཁ་གསབ་རོགས་རམ།ཆ་རྐྱེན་ཡོད་པའི་གྲོང་ཚོའི་མཉམ་སྡེབསྡེ་ཁུལགྱིས་འགན་བཅོལ་ནང་ཞུགས་མཁན་གྱིས་གྲོན་དངུལ་འཇལ་བར་ཁ་གསབ་རོགས་རམ་བྱེད་དགོས་པ་དང་ཁ་གསབ་རོགས་རམ་གྱི་ཚད་གཞི་དེ་གྲོང་ཚོའིགྲོང་མིདམངས་གཙོ་དོ་དམ་ཨུ་ལྷན་གྱིས་གཏན་འཁེལ་བྱ་རྒྱུ་ཡིན། སྤྱི་ཚོགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་། སྤྱི་ཕན་དགེ་ལས་རྩ་འཛུགས། མི་སྒེར་བཅས་ཀྱིས་འགན་བཅོལ་ནང་ཞུགས་མཁན་ལ་མ་དངུལ་གྱི་ཐོག་ནས་རོགས་རམ་བྱེད་རྒྱུར་ལྕག་སྐུལ་བྱ་རྒྱུ་ཡིན། ལོར་ཁ་གསབ་རོགས་རམ་དང་མ་དངུལ་གྱི་ཐོག་ནས་རོགས་རམ་བྱེད་པའི་དངུལ་འབོར་མང་ཤོས་ནི་གྲོན་དངུལ་འཇལ་བའི་རིམ་པ་མཐོ་ཤོས་ཀྱི་ཚད་གཞི་ལས་བརྒལ་མི་རུང་།

    གསུམསྲིད་གཞུང་གི་ཁ་གསབ། སྲིད་གཞུང་གིས་དངུལ་ལེན་པའི་ཆ་རྐྱེན་དང་མཐུན་པའི་འགན་བཅོལ་ནང་ཞུགས་མཁན་ལ་རྨང་གཞིའི་རྒན་གསོའི་དངུལ་ཆ་ཚང་སྤྲོད་དགོས། འགན་བཅོལ་ནང་ཞུགས་མཁན་གྱིས་གྲོན་དངུལ་འཇལ་བའི་རྨང་གཞིའི་ཐོག་འགན་བཅོལ་ནང་ཞུགས་མཁན་གྱིས་གྲོན་དངུལ་འཇལ་བའི་རིམ་པ་རང་མོས་ངང་སྒོར་100ནས་2000བར་གདམ་ག་བྱས་ཚེ།ལོ་ལྟར་གྲོན་དངུལ་འཇལ་བའི་ཁ་གསབ་སྒོར་40དང་། 45 50 55 60 65 70 75 80 85 90 95བཅས་སོ་སོར་སྤྲོད་དགོས།འགན་བཅོལ་ནང་ཞུགས་མཁན་གྱིས་གྲོན་དངུལ་འཇལ་བའི་རིམ་པའི་ཚད་གཞི་སྒོར་2000ལས་མཐོ་བ་གདམ་ག་བྱས་ནས་གྲོན་དངུལ་འཇལ་ཚེ་སྲིད་གཞུང་གིས་ཁ་གསབ་སྒོར་95སྤྲོད་དགོས།

    དོན་ཚན་བདུན་པ། ས་ཆ་བསྡུ་ལེན་བྱས་པའི་ཞིང་འབྲོག་པའི་རྒན་གསོ་འགན་བཅོལ་དངུལ་སྔོན་གསོག་བྱེད་པའི་ལམ་ལུགས་བཟོ་བ། གྲོང་གསེབ་ཀྱི་མཉམ་སྡེབ་ལ་དབང་བའི་ས་ཆ་བསྡུ་ལེན་བྱེད་སྐབས་ས་ཆ་བསྡུས་པའི་ཞིང་འབྲོག་པའི་སྤྱི་ཚོགས་འགན་བཅོལ་དངུལ་འདང་ངེས་བཀོད་སྒྲིག་བྱེད་དགོས། “སྔོན་དུ་འགན་ལེན་དང་རྗེས་སུ་བསྡུ་ལེན”དང་“སུས་ས་ཆ་བེད་སྤྱོད་བཏང་ཚེ་དེས་འགན་ཁུར་བའི”རྩ་དོན་གཞིར་བཟུང་། ས་གནས་དེ་གའི་སྲིད་གཞུང་གིས་སྙན་སེང་བཀའ་འཁྲོལ་ཞུས་པའི་ས་ཆ་དང་འབྲེལ་བ་ཡོད་པའི་མི་གྲངས་ལྟར་ལོར་གྲོན་དངུལ་འཇལ་བའི་ཚད་གཞི་མཐོ་ཤོས་ཡིན་པའི་སྒོར་3000རྨང་གྲངས་ལ་བྱས་ཏེ་ལོ་15ཡི་རྒན་གསོ་འགན་བཅོལ་དངུལ་སྔོན་གསོག་བྱེད་པ་མ་ཟད་ཐེངས་གཅིག་རང་བཞིན་ངང་ནོར་སྲིད་སྡེ་ཚན་གྱི་རྩིས་ཐོའི་ནང་བླུགས་རྗེས་ནོར་སྲིད་སྡེ་ཚན་གྱིས་མི་སྒེར་གྱིས་འཇལ་བའི་གྲོན་དངུལ་དང་སྲིད་གཞུང་གི་ཁ་གསབ་རོགས་དངུལ་དེ་ས་ཆ་བསྡུ་ལེན་བྱས་པའི་ཞིང་འབྲོག་པའི་རྒན་གསོ་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་ནང་རྩིས་སྤོ་བྱ་རྒྱུ་ཡིན།གྲོན་དངུལ་ཆ་ཚང་གནས་འབྱོར་མ་ཐུབ་ཚེ་གཞུང་ཁོངས་ས་ཆ་ཐོན་ཁུངས་སྡེ་ཚན་གྱིས་ས་ཆ་བེད་སྤྱོད་གཏོང་བའི་འགྲོ་ལུགས་སྒྲུབ་གཉེར་བྱེད་མི་རུང་།

    ཞིབ་ཕྲའི་བྱེད་ཐབས་ནི་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ནོར་སྲིད་དང་གཞུང་ཁོངས་ས་ཆ་ཐོན་ཁུངས་སྡེ་ཚན་དང་མཉམ་དུ་ཟུར་དུ་བཟོ་དགོས།

    དོན་ཚན་བརྒྱད་པ། འགན་ཁུར་དུས་ཡུན་ལོ་གཅིག་ཐིམ་པའི་གྲོང་ཚོའིགྲོང་མིཨུ་ལྷན་གཉིས་ཀྱི་ཁོངས་མི་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པགཏན་འཇགས་ཀྱི་འཚོ་བའི་ཡོང་ཁུངས་མེད་པབཅས་ཀྱིས་གཏན་འབེབས་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་ཡིན་ཕྱིན། འགན་ཁུར་ཡུན་ནང་རང་མོས་ངང་གྲོན་དངུལ་འཇལ་བའི་རིམ་པ་གདམ་ག་བྱས་ནས་གྲོན་དངུལ་འཇལ་ཚེ་སྲིད་གཞུང་གིས་11གི་བསྡུར་ཚད་གཞིར་བཟུང་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་ཡིན་པ་དང་ཁ་གསབ་རོགས་དངུལ་མང་ཤོས་སྒོར་2000ལས་བརྒལ་མི་རུང་། འོན་ཀྱང་དོན་ཚན་དྲུག་པའི་ནང་གཏན་ལ་ཕབ་པའི་སྲིད་གཞུང་གི་གྲོན་དངུལ་འཇལ་བའི་རིམ་པའི་ཁ་གསབ་ལོངས་སྤྱོད་ཡས་མེད། ལས་བྲལ་བྱས་རྗེས་གྲོན་དངུལ་འཇལ་བའི་ཚད་གཞི་རང་མོས་ངང་གདམ་ག་བྱས་ནས་བབ་བསྟུན་གྱི་སྲིད་གཞུང་གི་གྲོན་དངུལ་འཇལ་བའི་རིམ་པའི་ཁ་གསབ་ལོངས་སྤྱོད་བྱེད་ཆོག

    དོན་ཚན་དགུ་པ། རང་སྐྱོང་ལྗོངས་རིམ་པའི་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁུངས་ནང་ཚུད་པའི་གྲྭ་བཙུན་དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་གྱི་རྒན་གསོ་འགན་བཅོལ་དངུལ་ནི་ལོ་འཁོར་གོང་མར་མི་དེ་གས་གདམ་ག་བྱས་པའི་གྲོན་དངུལ་འཇལ་བའི་རིམ་པ་གཞིར་བཟུང་སྲིད་གཞུང་གིས་ཁ་གསབ་100%སྤྲོད་རྒྱུ་དང་། ས་ཁུལགྲོང་ཁྱེརརིམ་པའི་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁུངས་ནང་ཚུད་པའི་གྲྭ་བཙུན་དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་གྱི་རྒན་གསོ་འགན་བཅོལ་དངུལ་ནི་ལོ་འཁོར་གོང་མར་མི་དེ་གས་གདམ་ག་བྱས་པའི་གྲོན་དངུལ་འཇལ་བའི་ཚད་གཞི་གཞིར་བཟུང་སྲིད་གཞུང་གིས་ཁ་གསབ་50%སྤྲོད་རྒྱུ། རྫོངགྲོང་ཁྱེར་དང་ཆུསརིམ་པའི་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་དགོན་སྡེའི་སྒྲིག་ཁུངས་ནང་ཚུད་པའི་གྲྭ་བཙུན་དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་གྱི་རྒན་གསོ་རྒན་བཅོལ་དངུལ་ནི་ལོ་འཁོར་གོང་མར་མི་དེ་གས་གདམ་ག་བྱས་པའི་གྲོན་དངུལ་འཇལ་བའི་རིམ་པ་ལྟར་སྲིད་གཞུང་གིས་ཁ་གསབ་25%སྤྲོད་རྒྱུ་བཅས་རེད།

    ལོ་འཁོར་ནང་དུས་མཚུངས་སུ་རིམ་པ་མི་འདྲ་བའི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་ལ་ཐོབ་པའི་མཚན་སྙན་གྱི་བྱ་དགའ་མཐོ་ཤོས་ཀྱི་ཚད་གཞི་གཞིར་བཟུང་སྲིད་གཞུང་གིས་གྲོན་དངུལ་ཁ་གསབཁ་གསབ་མང་ཤོས་དངུལ་སྒོར་2000ལས་བརྒལ་མི་རུངསྤྲོད་དགོས།

    དོན་ཚན་བཅུ་པ། གྲོང་ཁྱེར་དང་གྲོང་གསེབ་གྱི་གྲོང་མིའི་ཁྲོད་ཀྱི་དབང་པོ་སྐྱོན་ཅན་རིམ་པ་དང་པོ་དང་གཉིས་པ་དང་། མི་ཧྲེང་རྒན་རྒོན། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་སོགས་གྲོན་དངུལ་འཇལ་དཀའ་བའི་ཚོགས་སྤྱིར་སྲིད་གཞུང་གིས་ཚད་གཞི་དམའ་ཤོས་ཀྱི་རྒན་གསོ་འགན་བཅོལ་དངུལ་ཚབ་འཇལ་བྱེད་རྒྱུ་དང་འབྲེལ་བབ་བསྟུན་གྱི་སྲིད་གཞུང་གི་ཁ་གསབ་ལོངས་སྤྱོད་བྱེད་ཆོག

    དོན་ཚན་བཅུ་གཅིག་པ། རྨང་གཞིའི་འགན་བཅོལ་དངུལ་དེ་ཀྲུང་དབྱང་གིས་འགན་འཁུར་བའི་ཆ་ཤས་དང་། ས་གནས་སྲིད་གཞུང་གི་ཁ་གསབ་རོགས་དངུལ། ས་གནས་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཚབ་འཇལ་བྱས་པའི་ཚད་གཞི་དམའ་ཤོས་ཀྱི་རྒན་གསོ་འགན་བཅོལ་དངུལ་དང་འདས་མཆོད་ཀྱི་ཁ་གསབ་དངུལ་བཅས་ལས་མཐོ་བ་ཡོད་ཚེ་རང་སྐྱོང་ལྗོངས་དང་། ས་ཁུལགྲོང་ཁྱེར རྫོངགྲོང་ཁྱེར་དང་ཆུསབཅས་ཀྱི་ནོར་སྲིད་ཀྱིས་བསྡུར་ཚད་གཞིར་བཟུང་འགན་འཁུར་རྒྱུ་ཡིན་པ་དེའི་ནང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་80%འཁུར་རྒྱུ་དང་། ས་ཁུལགྲོང་ཁྱེརནོར་སྲིད་ཀྱིས་10%འཁུར་རྒྱུ། རྫོངགྲོང་ཁྱེར་དང་ཆུསནོར་སྲིད་ཀྱིས་10%འཁུར་རྒྱུ་བཅས་དེ་དག་རང་སྐྱོང་ལྗོངས་དང་། ས་ཁུལགྲོང་ཁྱེར རྫོངགྲོང་ཁྱེར་དང་ཆུསབཅས་སོ་སོའི་ནོར་སྲིད་ཀྱི་ལོ་འཁོར་སྔོན་རྩིས་ནང་འཇུག་དགོས།

    ལེའུ་གསུམ་པ། མི་སྒེར་གྱི་རྩིས་ཐོ།

    དོན་ཚན་བཅུ་གཉིས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིས་འགན་བཅོལ་ནང་ཞུགས་མཁན་ཚང་མར་ཚེ་གང་ཟིན་ཐོ་འགོད་པའི་རྒན་གསོ་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་བཟོ་བའི་འགན་འཁུར་རྒྱུ་ཡིན། མི་སྒེར་གྱི་རྩིས་ཐོའི་མ་དངུལ་ནང་མི་སྒེར་གྱི་གྲོན་དངུལ་དང་། སྲིད་གཞུང་གི་ཁ་གསབ་རོགས་དངུལ།མཉམ་སྡེབ་ཀྱི་ཁ་གསབ་བཅས་དང་དེ་བཞིན་སྤྱི་ཚོགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་། སྤྱི་ཕན་དགེ་ལས་རྩ་འཛུགས། མི་སྒེར་བཅས་ཀྱིས་འགན་བཅོལ་ནང་ཞུགས་མཁན་གྱི་གྲོན་དངུལ་ལ་རོགས་རམ་བྱེད་པའི་མ་དངུལ་དང་། སྐྱེད་ཀ ཡོང་འབབ་གཞན་དག་བཅས་ཚུད་ཡོད། མི་སྒེར་གྱི་རྩིས་ཐོའི་གསོག་ཉར་དངུལ་གྲངས་དེ་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་སྐྱེད་ཀ་རྩིས་རྒྱག་བྱེད་དགོས།

    དོན་ཚན་བཅུ་གསུམ་པ། འགན་བཅོལ་ནང་ཞུགས་མཁན་གྱིས་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་དངུལ་འཇལ་མཚམས་བཞག་ཚེ། འགན་བཅོལ་ནང་ཞུགས་ཡུལ་གྱི་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིས་དེའི་རྒན་གསོ་འགན་བཅོལ་གྱི་འབྲེལ་བ་ཉར་ཚགས་བྱེད་པ་དང་འབྲེལ་དེའི་འགན་བཅོལ་ནང་ཞུགས་པའི་དངུལ་འཇལ་ཟིན་ཐོ་ཆ་ཚང་དང་མི་སྒེར་གྱི་རྩིས་ཐོ་ཉར་ཚགས་བྱ་རྒྱུ་ཡིན་པ་དང་། མི་སྒེར་གྱི་རྩིས་ཐོའི་གསོག་ཉར་དངུལ་གྲངས་དེ་གཏན་འབེབས་ལྟར་མུ་མཐུད་སྐྱེད་ཀ་རྩིས་རྒྱག་བྱེད་དགོས།

    དོན་ཚན་བཅུ་བཞི་པ། འགན་བཅོལ་ནང་ཞུགས་མཁན་གྲོན་དངུལ་འཇལ་རིང་འཆི་བ་དང་ཕྱི་རྒྱལས་ཁོངས་ཕྱི་རོལདུ་གནས་སྡོད་བྱས་པ་མ་ཟད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་མེད་པ་ཆགས་ཚེ་དེའི་མི་སྒེར་གྱི་རྩིས་ཐོའི་མ་དངུལ་ལྷག་གྲངསསྲིད་གཞུང་གི་ཁ་གསབ་ཚུད། གཤམ་དུ་གཅིག་མཚུངས་ཡིནརྣམས་དམིགས་འཛུགས་བྱས་པའི་ཕན་ཆ་ཐོབ་མཁན་གྱིས་ཁྲིམས་ལྟར་རྒྱུན་འཛིན་བྱེད་ཆོག མི་སྒེར་ལ་ཕྱིར་སྤྲོད་མི་ཐུབ་པ་མ་ཟད་དམིགས་འཛུགས་ཀྱི་ཕན་ཆ་ཐོབ་མཁན་མེད་ཚེ་དེའི་མི་སྒེར་གྱི་རྩིས་ཐོའི་གསོག་ཉར་དངུལ་གྲངས་དེ་དག་སྲིད་གཞུང་གི་ཁ་གསབ་ལ་བརྩིས་ནས་འགན་བཅོལ་ནང་ཞུགས་མཁན་གཞན་གྱི་རྒན་གསོའི་དངུལ་མུ་མཐུད་སྤྲོད་རྒྱུར་སྤྱོད་རྒྱུ་དང་དུས་མཚུངས་དེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་འབྲེལ་བ་མཚམས་འཇོག་བྱེད་དགོས།

    འཆི་བ་དང་ཕྱི་རྒྱལས་ཁོངས་ཕྱི་རོལདུ་གནས་སྡོད་བྱས་པ་མ་ཟད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་མེད་པ་ཆགས་པ་ཕུད་མི་སྒེར་གྱི་རྩིས་ཐོ་སྔ་བསྣུར་དུ་ལེན་ཆོག

    ལེའུ་བཞི་པ། རྒན་གསོ་འགན་བཅོལ་དངུལ།

    དོན་ཚན་བཅོ་ལྔ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་དངུལ་དེ་རྨང་གཞིའི་རྒན་གསོའི་དངུལ་དང་མི་སྒེར་གྱི་རྩིས་ཐོའི་རྒན་གསོའི་དངུལ་ལས་གྲུབ་པ་དང་། ཚེ་གང་གཏོང་སྤྲོད་བྱེད་ཆོག

    2014ལོའི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་120ཡིན།

    དངུལ་འཇལ་དུས་ཚོད་ལོ་15ལས་བརྒལ་ཚེ་ལོ་གཅིག་མང་བ་འཇལ་ན་ཟླ་རེར་རྨང་གཞིའི་རྒན་གསོའི་དངུལ་2%མང་དུ་གཏོང་དགོས།

    མི་སྒེར་གྱི་རྩིས་ཐོའི་རྒན་གསོའི་དངུལ་གྱི་ཚད་གཞི་ནི་མི་སྒེར་གྱི་རྩིས་ཐོའི་གསོག་ཉར་དངུལ་གྲངས་ཆ་ཚང་ལ་139ཡིས་བགོདེང་སྐབས་ལག་ལེན་བསྟར་བའི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་རྒན་གསོའི་དངུལ་སྤྲོད་པའི་བཏགས་གྲངས་དང་གཅིག་མཚུངས་ཡིནདགོས།

    དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་དང་ཟོག་གོང་སྟོན་གྲངས་འགྱུར་ལྡོག་སོགས་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་། རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་ལེགས་སྒྲིག་འོས་འཚམ་བྱེད་ཆོག

    དོན་ཚན་བཅུ་བདུན་པ། འདས་མཆོད་ཀྱི་ཁ་གསབ་མ་དངུལ་གྱི་ལམ་ལུགས་བཟོ་བ། རྒན་གསོ་འགན་བཅོལ་དངུལ་བླངས་པའི་མི་སྣའམ་ཡང་ན་འགན་བཅོལ་ནང་ཞུགས་རྒྱུའི་ལོ་ཚད་ལོན་པའི་མི་སྣས་གཏན་འབེབས་གཞིར་བཟུང་བསྟུད་མར་ལོ་3ཡན་གྲོན་དངུལ་འཇལ་ནས་འཆི་ཚེ། ཐེངས་གཅིག་རང་བཞིན་གྱི་འདས་མཆོད་ཀྱི་ཁ་གསབ་མ་དངུལ་སྤྲོད་རྒྱུ་དང་། ཚད་གཞི་ནི་ཟླ་བ་དྲུག་གི་རྨང་གཞིའི་རྒན་གསོའི་དངུལ་ཡིན།

    ལེའུ་ལྔ་པ། རྒན་གསོ་འགན་བཅོལ་གྱི་དངུལ་ལེན་པའི་ཆ་རྐྱེན།

    དོན་ཚན་བཅོ་བརྒྱད་པ། རང་ལོ་ཧྲིལ་པོ་དྲུག་ཅུར་སླེབས་པ་དང་གྲོན་དངུལ་འཇལ་བའི་ལོ་རིམ་རྩིས་བྱས་ན་ལོ་བཅོ་ལྔ་སོང་ཡང་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་དངུལ་དང་། དེ་བཞིན་རྒན་ཡོལ་གྱི་དངུལ་དང་འཚོ་དངུལ་སོགས་རྒན་གསོ་འགན་ལེན་གྱི་དངུལ་ལེན་མྱོང་མེད་པའི་འགན་བཅོལ་ནང་ཞུགས་མཁན་གྱིས་ཟླ་རེར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་རྒན་གསོའི་དངུལ་ལེན་ཆོག

    དོན་ཚན་བཅུ་དགུ་པ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའམ་ཡང་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་ལག་བསྟར་བྱེད་སྐབས། རང་ལོ་ཧྲིལ་པོ་དྲུག་ཅུར་སླེབས་པ་དང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་དངུལ་ལེན་མྱོང་མེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་གྲོན་དངུལ་འཇལ་མི་དགོས་པར་ཟླ་རེར་རྨང་གཞིའི་རྒན་གསོའི་དངུལ་ལེན་ཆོག་པ་དང་། རྒན་གསོའི་དངུལ་ལེན་པའི་ལོ་ཚད་ལོ་བཅོ་ལྔར་མ་སླེབས་པ་ཚོས་ལོ་ལྟར་གྲོན་དངུལ་འཇལ་དགོས་པ་དང་གསབ་འཇལགྲོན་དངུལ་འཇལ་བའི་ཁ་གསབ་ལོངས་སུ་སྤྱོད་ཆོག་པབྱེད་ཆོགརིམ་བསགས་བྱས་པའི་གྲོན་དངུལ་དེ་ལོ་བཅོ་ལྔ་ལས་བརྒལ་མི་ཆོགགཞི་རྩའི་རྒན་གསོ་འགན་བཅོལ་ལེན་པའི་ལོ་ཚད་ལོ་བཅོ་ལྔ་ཡོལ་རིགས་ལོ་ལྟར་གྲོན་དངུལ་འཇལ་དགོས་པ་དང་རིམ་བསགས་བྱས་པའི་གྲོན་དངུལ་དེ་ལོ་བཅོ་ལྔ་ལས་ཉུང་མི་ཆོག

    འགན་བཅོལ་ནང་ཞུགས་མཁན་ཁྲིམས་ཆད་ཕོག་པའི་ལོ་ཚད་ཐིམ་རྗེས་རང་ལོ་ཧྲིལ་པོ་དྲུག་ཅུར་སླེབས་པའམ་ཡང་ན་ལོ་དེ་ལས་མཐོ་བའི་མི་སྣའི་གྲོན་དངུལ་འཇལ་རྒྱུའི་ལོ་ཚད་དེ་ལོ་བཅོ་ལྔར་མ་སླེབས་པ་ཚོས་་གཏན་འབེབས་གཞིར་བཟུང་གསབ་འཇལ་བྱས་རྗེས་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་ཆོག

    དོན་ཚན་ཉི་ཤུ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་གྱི་དངུལ་ལེན་མཁན་གྲོངས་ཟིན་རིགས་ཟླ་བ་རྗེས་མ་ནས་བཟུང་རྒན་གསོའི་དངུལ་སྤྲོད་མཚམས་འཇོག་རྒྱུ།

    དོན་ཚན་ཉེར་གཅིག་པ། སྤྱི་ཚོགས་འགན་བཅོལ་གྱི་ལག་འགྲིམ་སྒྲིག་གཞི་དང་གྲོང་མིགྲོང་ལྷནཨུ་ཡོན་ལྷན་ཁང་གིས་ལོ་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་དངུལ་ལེན་མཁན་གྱི་འོས་བབ་ཐོབ་ཐང་ལ་ཞིབ་བཤེར་བྱས་ནས་སྲིད་འཛིན་གྲོང་ཚོའིསྡེ་ཁུལཁྱབ་ཁོངས་ནང་འགན་བཅོལ་ནང་ཞུགས་མཁན་གྱིས་འགན་བཅོལ་དངུལ་ལེན་པའི་འོས་བབ་ཐོབ་ཐང་ཡོངས་བསྒྲགས་བྱེད་པ་དང་འབྲེལ་ལས་བཟོའི་གཞི་རྩའི་འགན་གསོའི་འགན་བཅོལ་དངུལ་སོགས་བླངས་པའི་ཐོ་འགོད་དང་བསྡུར་ཏེ་མི་ཆད་པ་དང་མི་ནོར་བ་བྱེད་དགོས།

    ལེའུ་དྲུག་པ། ལམ་ལུགས་སྦྲེལ་མཐུད།

    དོན་ཚན་ཉེར་གཉིས་པ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་གསར་པའམ་ཡང་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ནང་ཞུགས་འདོད་ཡོད་མཁན་ཚང་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་གཅིག་གྱུར་ཐོག་བླུགས་དགོས་པ་དང་། དེའི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་གསར་པའམ་ཡང་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་སྒེར་གྱི་རྩིས་ཐོའི་དངུལ་དེ་ཆབས་ཅིག་ཏུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་སྒེར་གྱི་རྩིས་ཐོའི་ནང་བླུགས་དགོས་པ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་གསར་པའམ་ཡང་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ལོ་ཚད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ལོ་ཚད་ལ་གཞིར་བཟུང་དགོས། རྒན་གསོའི་དངུལ་ལེན་རྒྱུའི་ལོ་ཚད་དུ་སླེབས་མེད་པའི་འགན་བཅོལ་ནང་ཞུགས་མཁན་གྱིས་མུ་མཐུད་གྲོན་དངུལ་འཇལ་དགོས་པ་དང་གཏན་འབེབས་གཞིར་བཟུང་རྒན་གསོའི་དངུལ་ལེན་མཁན་གྱིས་མུ་མཐུད་རྒན་གསོའི་དངུལ་ལེན་ཆོག

    དོན་ཚན་ཉེར་གསུམ་པ། རྒན་གསོ་འགན་བཅོལ་ནང་ཞུགས་མཁན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་གྲོན་དངུལ་འཇལ་རིང་ཐེམ་ཐོ་བསྒྱུར་ནས་ས་ཁུལ་གཞན་དུ་རྒན་གསོ་འགན་བཅོལ་གྱི་འབྲེལ་བ་སྒྱུར་དགོས་རིགས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྱབ་ཁོངས་ནང་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་རྒྱུའི་འབྲེལ་ཡོད་ཆ་འཕྲིན་སྒྱུར་བ་ལས་དངུལ་སྒྱུར་མི་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དུ་རྒན་གསོ་འགན་བཅོལ་གྱི་འབྲེལ་བ་སྒྱུར་དགོས་རིགས་སྒྱུར་སའི་ས་ཁུལ་དུ་རྒན་གསོ་འགན་བཅོལ་གྱི་འབྲེལ་བ་སྒྱུར་རྒྱུའི་རེ་ཞུ་བྱེད་ཆོག་པ་དང་ཐེངས་གཅིག་རང་བཞིན་གྱི་སྒེར་གྱི་རྩིས་ཁྲའི་ནང་གི་དངུལ་ལྷག་མ་ཚང་མ་སྒྱུར་རྒྱུ་དང་འབྲེལ་སྒྱུར་སའི་གནས་ཀྱི་གཏན་འབེབས་ལྟར་མུ་མཐུད་དེ་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་དགོས་པ་དང་གྲོན་དངུལ་འཇལ་བའི་ལོ་ཚད་དེ་རིམ་རྩིས་ལྟར་བརྩི་དགོས། གཏན་འབེབས་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་དངུལ་བླངས་ཟིན་མཁན་ལ་ཐེམ་ཐོ་བསྒྱུར་ཡོད་མིན་ལ་མ་བལྟོས་པར་དེའི་རྒན་གསོ་འགན་བཅོལ་གྱི་འབྲེལ་བ་སྒྱུར་གྱི་མིན།

    དོན་ཚན་ཉེར་བཞི་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་དེ་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་སོགས་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་འབྲེལ་མཐུད་བྱས་ནས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས།

    ལེའུ་བདུན་པ། ཐེབས་རྩར་དོ་དམ་དང་། ལྟ་སྐུལ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ཉེར་ལྔ་པ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་གསར་པའམ་ཡང་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ཐེབས་རྩ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ཐེབས་རྩའི་ནང་ཟླ་སྒྲིལ་གཏོང་རྒྱུ་དང་། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་དང་ནོར་སྲིད་སྡེ་ཚན་གྱིས་འོས་སྐུལ་འོས་པོད་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཚོང་ལས་དངུལ་ཁང་བདམས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལག་འགྲིམ་སྒྲིག་གཞིའི་ཡོང་འབབ་ཀྱི་རྩིས་ཁྲ་དང་གཏོང་སྒོའི་རྩིས་ཁྲ་འཛུགས་དགོས།

    རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ཐེབས་རྩའི་ནོར་སྲིད་ཆེད་དོན་རྩིས་ཁྲ་བཟོ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ཐེབས་རྩ་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ནོར་སྲིད་ཆེད་དོན་རྩིས་ཁྲའི་ནང་འཇོག་དགོས། ཐེབས་རྩ་དང་ནོར་སྲིད་ཀྱི་ཆེད་དོན་རྩིས་ཁྲའི་ཐད་གཏོང་ཡོང་རྩིས་ཁུངས་ཁག་དབྱེ་དང་རང་སྐྱོང་ལྗོངས་རིམ་པའི་དོ་དམ་ལག་བསྟར་བྱས་ཏེ་རྩིས་ཐོ་ལོགས་སུ་འགོད་པ་དང་། ལོགས་སུ་ཞིབ་རྩིས་རྒྱག་པ།ཆེད་དངུལ་ཆེད་སྤྱོད་ཐུབ་པ་བཅས་བྱེད་དགོས།

    དོན་ཚན་ཉེར་དྲུག་པ། རང་སྐྱོང་ལྗོངས་དང་། ས་ཁུལགྲོང་ཁྱེརརྫོངགྲོང་ཁྱེར་དང་ཆུསབཅས་ཀྱི་ནོར་སྲིད་སྡེ་ཚན་གྱིས་ཚད་གཞི་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་ལོ་འཁོར་གྱི་སྔོན་རྩིས་བཟོ་དགོས་པ་དང་འབྲེལ། མ་དངུལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ཐེབས་རྩའི་ཆེད་དོན་རྩིས་ཁྲའི་ནང་བླུགས་ནས་འགན་བཅོལ་ནང་ཞུགས་མཁན་ལ་དངུལ་དུས་ཐོག་གྲངས་ཚང་སྤྲོད་རྒྱུ་འགན་ལེན་བྱེད་དགོས།

    དོན་ཚན་ཉེར་བདུན་པ། ས་ཁུལགྲོང་ཁྱེརཁག་གི་སྤྱི་ཚོགས་འགན་བཅོལ་ལག་འགྲིམ་སྒྲིག་གཞིས་ས་གནས་དེ་རངགྲོང་ཁྱེརགི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་དངུལ་གཏོང་སྒོའི་འཆར་གཞི་བཟོས་ཏེ་རིམ་མཚུངས་ནོར་སྲིད་སྡེ་ཚན་གྱིས་ཞིབ་དཔྱད་བྱས་རྗེས་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་བཅོལ་ལག་འགྲིམ་སྒྲིག་གཞིར་ཞིབ་དཔྱད་ཕྱོགས་སྒྲིག་སྙན་སེང་ཞུ་དགོས་པ་དང། རང་སྐྱོང་ལྗོངས་ནོར་སྲིད་སྡེ་ཚན་གྱིས་གཏོང་སྤྲོད་ལ་ཞིབ་མཆན་དང་གཉེར་རྒྱུའི་འགན་འཁུར་དགོས།

    དོན་ཚན་ཉེར་བརྒྱད་པ། རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་ཏན་ངང་སྒྲུབ་དགོས་པ་དང་། ནང་ཁོངས་ཚོད་འཛིན་གྱི་ལམ་ལུགས་དང་ཐེབས་རྩའི་ཞིབ་དཔྱད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཐེབས་རྩ་གྲབས་གསོག་དང་། སྤྲོད་རྒྱུ། གསོག་འཇོག དོ་དམ་སོགས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ་དང་འབྲེལ།གཏན་འབེབས་གཞིར་བཟུང་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་ཡོངས་བསྒྲགས་ཁ་གསལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།ནོར་སྲིད་སྡེ་ཚན་དང་། ལྟ་ཞིབ། རྩིས་བཤེར་བཅས་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་འཁུར་ནས་ཐེབས་རྩའི་གཏོང་ཡོང་དང་། དོ་དམ། མ་འཇོག་གཉེར་སྐྱོང་བཅས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་པ་དང་། ཧམ་སྤྱོད་དང་སྒེར་སྤྱོད་བྱ་རྒྱུ་གཏན་འགོག་བྱས་ཏེ་མ་རྩའི་བདེ་འཇགས་འགན་ལེན་བྱེད་དགོས།

    དོན་ཚན་ཉེར་དགུ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་དངུལ་ཧམ་སྤྱོད་སྒེར་སྤྱོད་དང་ལྐོག་ཟ་བྱེད་མཁན་ཚན་པ་དང་མི་སྒེར་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། ཉེས་པ་བསགས་རིགས་ཁྲིམས་འཛིན་ལས་ཁུངས་སུ་རྩིས་སྤྲད་ནས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།

    དོན་ཚན་སུམ་ཅུ་པ། ལག་ཁྱེར་རྫུས་མ་བཟོ་བའམ་ཡང་ན་དེ་མིན་གྱི་རྫུན་ཞུའི་བྱེད་ཐབས་ཐོག་ནས་རྒན་གསོའི་དངུལ་ལེན་མཁན་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་དྲུག་ཅུ་རེ་དྲུག་གི་གཏན་འབེབས་གཞིར་བཟུང་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས།

    ལེའུ་བརྒྱད་པ། ལག་འགྲིམ་དོ་དམ་ཞབས་ཞུ་དང་ཆ་འཕྲིན་ཅན་འཛུགས་སྐྲུན།

    དོན་ཚན་སོ་གཅིག་པ། རིམ་ཁག་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ལག་འགྲིམ་སྒྲིག་གཞིར་དགོས་ངེས་ཀྱི་གཞུང་ལས་བྱ་ཡུལ་དང་། སྒྲིག་བཀོད་སྒྲིག་ཆས། འགྲོ་གྲོན་བཅས་མཁོ་འདོན་བྱེད་དགོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ལས་དོན་གྲོན་དངུལ་རིམ་མཚུངས་ཀྱི་ནོར་སྲིད་སྔོན་རྩིས་ནང་འཇོག་དགོས་པ་ལས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ཐེབས་རྩ་ནས་གཏོང་མི་ཆོགགཞི་རིམ་གྱི་ནོར་སྲིད་ལ་དཀའ་ངལ་ཡོད་པའི་ས་ཁུལ་ལ་རང་སྐྱོང་ལྗོངས་རིམ་པའི་ནོར་སྲིད་ནས་ཁ་གསབ་འོས་འཚམ་བྱེད་ཆོག

    དོན་ཚན་སོ་གཉིས་པ། རིམ་ཁག་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ལག་འགྲིམ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ད་ཡོད་ཀྱི་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་དང་སྤྱི་ཚོགས་འགན་བཅོལ་ལག་འགྲིམ་གྱི་དོ་དམ་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་གཞི་རིམ་གྱི་ལག་འགྲིམ་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་པ་དང་། ལས་དོན་མི་སྣའི་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ལག་འགྲིམ་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས།

    དོན་ཚན་སོ་གསུམ་པ། རིམ་ཁག་སྤྱི་ཚོགས་འགན་བཅོལ་ལག་འགྲིམ་སྒྲིག་གཞིས་འགན་བཅོལ་ནང་ཞུགས་མཁན་གྱིས་གྲོན་དངུལ་འཇལ་བའི་གནས་ཚུལ་དང་དངུལ་བླངས་པའི་གནས་ཚུལ་ཐོ་འགོད་ནན་ཏན་བྱས་ཏེ་འགན་བཅོལ་ནང་ཞུགས་མཁན་གྱི་ཡིག་ཚགས་བཟོས་ནས་ཡུན་རིང་ཉར་ཚགས་ཡག་པོ་བྱེད་དགོས། དེང་རབས་ཀྱི་དོ་དམ་བྱེད་ཐབས་དང་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་བྱེད་ཐབས་སྤྱོད་རྒྱུར་སྣང་ཆེན་གྱིས་སྲིད་འཛིན་གྱི་མ་གནས་ཆུང་དུ་གཏོང་བ་དང་ལས་ཀའི་ལས་ཆོད་མཐོ་རུ་གཏོང་དགོས།

    དོན་ཚན་སོ་བཞི་པ། ལྗོངས་ཡོངས་སུ་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ཆ་འཕྲིན་དོ་དམ་མ་ལག་བཙུགས་ནས“འགན་འཁྲིའི་འདུ་འགོད”བསྐྲུན་རྒྱུའི་ནང་འཇོག་དགོས་པ་དང་འབྲེལ། སྤྱི་བདེ་སོགས་སྤྱི་དམངས་ཆ་འཕྲིན་དོ་དམ་ཁོངས་གཏོགས་གཞན་དང་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱེད་དགོས། ཆ་འཕྲིན་དྲ་རྒྱ་གཞི་རིམ་དུ་སྣུར་བསྲིང་བྱས་ནས་རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང(གྲོང་ཁྱེར་དང་ཆུས) ཤང(གྲོང་རྡལ)བཅས་སུ་དྲ་འབྲེལ་ཐུབ་པ་བྱེད་པ་དང་ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་སྲིད་འཛིན་གྲོང་ཚོར(སྡེ་ཁུལ)སྣུར་བསྲིང་བྱེད་དགོས། སྤྱི་ཚོགས་འགན་སྲུང་གཱ་ཁྱབ་གདལ་བཏང་ནས་འགན་བཅོལ་ནང་ཞུགས་མཁན་གྱིས་གཱ་འཁྱེར་ནས་གྲོན་དངུལ་འཇལ་བ་དང་། དངུལ་ལེན་རྒྱུ། མི་སྒེར་གྱི་ཆ་འཕྲིན་ཇུས་འདྲི་བྱ་རྒྱུ་བཅས་ལ་སྟབས་བདེ་ཡོང་བ་བྱེད་དགོས།

    ལེའུ་དགུ་པ། རྩ་འཛུགས་འགོ་ཁྲིད་དང་འགན་འཁྲི་ཁག་བགོས།

    དོན་ཚན་སོ་ལྔ་པ། ས་ཁུལ(གྲོང་ཁྱེར)ཁག་གི་སྲིད་གཞུང་གིས་ས་ཁུལ་དེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ལས་དོན་གཅིག་གྱུར་བཀོད་སྒྲིག་བྱ་རྒྱུར་འགན་འཁུར་ཏེ་ལས་དོན་དེ་ས་གནས་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་ལོ་འཁོར་གྱི་དམིགས་ཚད་དོ་དམ་དཔྱད་ཞིབ་མ་ལག་ནང་བཞག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས།འབྲེལ་ཡོད་ཚན་པ་ཁག་གིས་རང་འཁྲིའི་འགན་ནུས་ཁྱབ་ཁོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་བཏང་ནས་རིམ་པ་དེའི་སྲིད་གཞུང་གི་རྒན་གསོ་འགན་བཅོལ་གྱི་ཁ་གསབ་མ་དངུལ་གྲབས་གསོག་བྱ་རྒྱུའི་འགན་འཁུར་དགོས།

    དོན་ཚན་སོ་དྲུག་པ། རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་ཁག་དང་། དེ་བཞིན་ལག་འགྲིམ་སྒྲིག་གཞིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་སྲིད་ཇུས་དྲིལ་བསྒྲགས་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས་ཡང་དག་པའི་གླེང་ཕྱོཌ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་དང་གནད་འཕིགས་ངང་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། གོ་བདེ་ལ་ཤེས་སླ་བའི་སྐད་ཡིག་དང་མང་ཚོགས་ཀྱིས་དང་ལེན་བྱེད་བདེ་བའི་བྱེད་ཐབས་སྤྱོད་རྒྱུར་སྣང་ཆེན་བྱེད་པ། གཞི་རིམ་དུ་བསྐྱོད་དེ་དྲིལ་བསྒྲགས་ལས་དོན་སྤེལ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་འགན་བཅོལ་ནང་ཧུར་ཐག་ཞུགས་པ་དང་མུ་མཐུད་གྲོན་དངུལ་འཇལ་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ་འགན་བཅོལ་ནང་ཞུགས་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས།

    དོན་ཚན་སོ་བདུན་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་དང་ནོར་སྲིད་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་སྲིད་ཇུས་བཟོ་བ་དང་འཐུས་ཚང་དུ་གཏོང་རྒྱུའི་འགན་འཁུར་ཏེ་ལག་འགྲིམ་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱེད་དགོས། ནོར་སྲིད་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ཐེབས་རྩའི་ནོར་དོན་དང་རྩིས་གཉེར་ལམ་ལུགས་བཟོས་ནས་ཐེབས་རྩའི་གཏོང་སྒོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་ལ་ཞིབ་དཔྱད་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ཐེབས་རྩའི་ཆེད་དོན་རྩིས་ཁྲ་བཙུགས་ནས་ནོར་སྲིད་ཁ་གསབ་མ་དངུལ་གྱི་ཞིབ་བཤེར་དང་གཅིག་སྡུད་ལས་དོན་ཡག་པོ་སྒྲུབ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལག་འགྲིམ་སྒྲིག་གཞིས་བསྡོམས་རྩིས་སྙན་ཐོའི་རེའུ་མིག་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུའི་འགན་འཁུར་ཏེ་འགན་བཅོལ་ནང་ཞུགས་མཁན་ཐོ་འགོད་དང་། སྒེར་གྱི་རྩིས་ཁྲ་དོ་དམ།དངུལ་སྤྲོད་པ།ཐེབས་རྩའི་གཏོང་ཡོང་སྔོན་རྩིས་དོ་དམ་སོགས་ལས་དོན་ཡག་པོ་སྒྲུབ་དགོས། འཕེལ་སྒྱུར་དང་། སྤྱི་བདེ། དམངས་སྲིད། རྒྱལ་ཁབ་ས་ཆ། ཞིང་འབྲོགདབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་དེ་མིན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པས་རང་འགན་གཙང་སྒྲུབ་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་དགོས།

    ལེའུ་བཅུ་པ། ཞར་བྱུང་།

    དོན་ཚན་སོ་བརྒྱད་པ། བྱེད་ཐབས་དེ་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་ནོར་སྲིད་ཐིང་གིས་འགྲེལ་བཤད་རྒྱག་རྒྱུའི་འགན་འཁུར་དགོས།

    དོན་ཚན་སོ་དགུ་པ། བྱེད་ཐབས་དེ་2014ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། དེ་སྔའི་གཏན་འབེབས་ད་ལྟ་ལག་བསྟར་བྱ་རྒྱུའི་གཏན་འབེབས་དང་མི་མཐུན་རིགས་གཏན་འབེབས་འདིར་གཞིགས་ནས་ལག་བསྟར་བྱེད་དགོས།

མཛའ་འབྲེལ་དྲ་བ།
010020070840000000000000011100001336229531