གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། 2014ལོའི སེམས་ མཐུན། ཀྲུང་ གོའི་ ཕུགས་ འདུན་ མཉམ་ དུ་ གཏོད ཅེས་ པའི་ བྱེད་ སྒོའི་ ཁྲོད་ བོད་ ཀྱི་ ཤང་ གྲོང་ དང་། དགོན་ སྡེར་ འོས་ འགན་ སྨན་ བཅོས་ བྱས་ པ།

 
2014-09-22        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཚེས་17ཉིན་གྱི་སྔ་དྲོ་རྒྱལ་ནང་དུ་སྐད་གྲགས་ཆེ་བའི་གྲུམ་ནད་སྨན་བཅོས་བྱེད་མཁན་རིགས་གཅིག་མཁས་ཅན་རྩེ་གྲ་62དང་སྒོར་ཁྲི་50རི་བའི་སྨན་རྫས་བླུགས་པའི་རླངས་འཁོར་ཆེན་པོ་ལྔས་བོད་ལྗོངས་གྲ་ནང་རྫོང་གི་སྲིད་འཛིན་གྲོང་ཚོ་བཞི་དང་འབྲས་སྤུངས་དགོན་དུ་འོས་འགན་སྨན་བཅོས་བྱེད་པར་སོ་སོར་བསྐྱོད་ཅིང་། 2014ལོའི“སེམས་མཐུན། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་བོད་སྐྱོད་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

    གྲུམ་ནད་དང་གཅིན་པ་མངར་འགྱུར་གྱི་ནད་ཀྱིས་ལོ་མང་མནར་བའི་དགེ་འདུན་པ་བསྟན་འཛིན་གྱིས་རིགས་གཅིག་མཁས་ཅན་ལག་ནས་སྨན་ལེན་པ་དང་ཟས་སྤྱོད་ལ་དོ་སྣང་བྱེད་དགོས་པའི་མངགས་བྱ་ཉན་རྗེས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་སྨན་བཅོས་རུ་མིར་ཐུགས་རྗེ་ཆེ་ཞུས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། བོད་ལྗོངས་གྲ་ནང་རྫོང་དུ་སྨན་བཅོས་རུ་ཁག་གི་རིགས་གཅིག་མཁས་ཅན་ཚོས་ཟུར་མཁར་གྲོང་མི་ཨུ་ལྷན་དང་། བསམ་ཡས་གྲོང་མི་ཨུ་ལྷན། མཆན་མདའ་གྲོང་ཚོ། མཆིམས་ཕུ་སྒྲུབ་ཕུག་བཅས་སུ་གྲོང་མིར་རིན་མེད་ངང་འོས་འགན་སྨན་བཅོས་བྱས་པ་དང་སྨན་སྤྲད་པར་ཕན་པ་ཐོབ་པའི་མི་ཚོགས་གྲོང་ཚོ་ཨུ་ལྷན་9དང་དགོན་སྡེ་2ཀྱི་མི་ཉིས་སྟོང་ལྷག་ཙམ་ཟིན་ཡོད། རིགས་གཅིག་མཁས་ཅན་ཚོས་ད་དུང་འབྲུ་སྣུམ་སོགས་འཚོ་བའི་མཁོ་རྫས་རིན་མེད་ངང་ཁྱིམ་ཚང་དབུལ་པོར་སྤྲད་པ་རེད།

    “དེ་སྔ་ང་ཚོས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་གཙོ་བོ‘གསར་བརྗེའི་གནས་གཞིའི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ།མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ’བཅས་ཀྱི་སྙིང་ཁམས་ཁྲག་རྩའི་ནད་སྐྱོབ་བཅོས་བྱེད་པ་དང་སྐྱོབ་བཅོས་བྱེད་རིང་ང་ཚོས་གྲུམ་བུའི་རིམས་འགོག་དང་འདུས་འདྲིལ་རུས་ཚིགས་ནད་ས་བབ་མཐོ་བའི་ས་ཁུལ་དུ་ཐོན་ཚད་དང་དབང་པོ་སྐྱོན་ཅན་དུ་འགྱུར་ཚད་མཐོ་ཙམ་ཡོད་པས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོ་བ་ཤེས་རྟོགས་ཐུབ་བྱུང”“འདི་ལོ་ནི་ང་ཚོས་གྲུམ་བུའི་རིམས་འགོག་རིགས་ཀྱི་རིམས་ནད་འོས་འགན་སྨན་བཅོས་བྱེད་ཐེངས་དང་པོ་ཡིན་པ་དང་རྗེས་སུ་ང་ཚོས་འབྲེལ་ཡོད་ལས་དོན་ལ་རིམ་བཞིན་སྐུལ་འདེད་བཏང་ནས་རིམས་ནད་རིགས་དེ་དག་སྐྱོབ་བཅོས་བྱ་རྒྱུ་དེ་ང་ཚོའི་འཆར་ཅན་རྣམ་གྲངས་ནང་འཇུག་རྒྱུ་ཡིན”ཞེས“སེམས་མཐུན། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་བྱེད་སྒོའི་དྲུང་ཆེ་གཞོན་པ་ཝང་དབྱི་ཆང་གིས་བཤད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན།2014ལོའི་ལོ་འགོའི་བར“སེམས་མཐུན། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་བྱེད་སྒོས་སྨན་དོན་དང་བླངས་པ་བསྡོམས་མི་ཐེངས་6000སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་དང་། ཡུན་ནན། མཚོ་སྔོན། ཀན་སུའུ་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུ་འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས་བྱེད་པ་དང་། གཅེས་སེམས་འབུལ་བ། ལོ་ཆུང་བྱིས་པའི་ལྷན་སྐྱེས་སྙིང་ནད་འདེམས་སྒྲུག་རོགས་སྐྱོབ་སོགས་ཀྱི་ལས་དོན་སོ་སོར་སྤེལ་བར་མང་ཚོགས་ཁྲི་ཉི་ཤུ་ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད།བྱེད་སྒོ་སྤེལ་བའི་ཐད་མཁོ་བའི་འགྲོ་གྲོན་དང་དངོས་ཟོག་ཚང་མ་པུའུ་ཁྲང་སྨན་རྫས་བཟོ་གྲྭས་སྤྲད་པ་དང་དུས་མཚུངས་པུའུ་ཁྲང་སྨན་རྫས་བཟོ་གྲྭས་དུས་འགོར་ཞལ་འདེབས་ཕུལ་བའི་སྒོར་དུང་ཕྱུར་1བེད་སྤྱད་དེ་བཙུགས་པའི“སེམས་མཐུན། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་ཐེབས་རྩས་ཕྱོགས་མང་དགེ་སྒྲུབ་སྟོབས་ཤུགས་དེའི་ཁྲོད་ཧུར་ཐག་ཞུགས་རྒྱུར་ཚུར་འགུགས་བྱས་པ་རེད།

    2008ལོའི་དབུན་ཁྲོན་ས་ཡོམ་བརྒྱབ་རྗེས་སྐུལ་སློང་བྱས་པའི“ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་སྤྱི་ཕན་བྱེད་སྒོ་དེ་ནི“གསར་བརྗེའི་གནས་གཞིའི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ”བཅས་ཀྱི་སྙིང་ཁམས་ཁྲག་རྩའི་ནད་སྐྱོབ་བཅོས་དང་བདེ་ཐང་དོ་ཁུར་བྱ་རྒྱུ་གཙོ་བོར་བྱས་པའི་གཞི་ཁྱོན་ཆེ་བའི་གནས་གཏན་འཁེལ་དང་ཁ་ཕྱོགས་གཏན་འཁེལ་གྱི་བརྗོད་བྱ་གཙོ་བོའི་སྤྱི་ཕན་བྱེད་སྒོ་ཞིག་ཡིན་པ་དང་2010ལོར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི“སེམས་མཐུན་འདུ་འགོད”ནང་བཅུག་པ་ནས་བཟུང“སེམས་མཐུན། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་འདུ་འགོད་ཅེས་ཤོད་ཀྱི་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001336616931