གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། སྟག་ རྩེའི་ ཟམ་ ཆེན་ གསར་ པ་ སྔོན་ རྩིས་ བྱས་ ན་ ཟླ་ 7པའི་ ཟླ་ མཇུག་ ཏུ་ ཞིབ་ བཤེར་ རྩིས་ ལེན་ བྱས་ ནས་ རླངས་ འཁོར་ ཤར་ གཏོང་ ཐུབ་ རྒྱུ་ ཡིན་ པ།

 
2015-04-16        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཉེ་ཆར་གསར་འགོད་པས་སྟག་རྩེ་ཟམ་ཆེན་གསར་པའི་ལས་ཡུལ་དངོས་ནས་ཟམ་པ་འདི་ཉིད་སྐྱིད་ཆུའི་ལྷོ་བྱང་གཉིས་སུ་ཕྲེད་བརྒལ་བྱས་པའི་རྣམ་པ་དེ་བས་བརྗིད་ཆགས་ལྡན་པ་ཞིག་མཐོང་། ཤེས་རྟོགས་བྱུང་བར་གཞིགས་ན། སྟག་རྩེའི་ཟམ་ཆེན་གསར་པ་དེར་ཉི་འོད་ནུས་པའི་ལམ་སྒྲོན་72བསྒར་ཡོད་པ་དང་འདི་ལོའི་ཟླ་7པའི་ཟླ་མཇུག་ཏུ་སྟག་རྩེ་ཟམ་ཆེན་གསར་པ་ཞིབ་བཤེར་རྩིས་ལེན་བྱས་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།

    “མིག་སྔར་ཟམ་ཆེན་གྱི་གཙོ་གཟུགས་དང་། ལྷོ་ངོས་ཀྱི་ལམ་གཞི། བྱང་ངོས་ཀྱི་ལམ་གཞི་བཟོ་རྒྱུ་ལེགས་སྒྲུབ་ཟིན་པ་དང་ད་ཆ་ཟམ་ངོས་ཀྱི་མི་འགྲོ་ས་དང་། ཟམ་ངོས་སུ་ཨར་འདམ་འདིང་རྒྱུ། ལམ་སྒྲོན། སྒྲོམ་སྐྱོར། བདེ་འཇགས་ཀྱི་མཚོན་རྟགས་སོགས་ལེ་ལག་སྒྲིག་ཆས་བཟོ་བཞིན་ཡོད”ཅེས་སྟག་རྩེའི་ཟམ་ཆེན་གསར་པ་སྐྲུན་མཁན་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པའི་སྤྱི་ཁྱབ་བཟོ་སྐྲུན་པ་པའོ་ཀྲན་གྱིས་གསར་འགོད་པར་འདི་ལྟར་ངོ་སྤྲོད་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། སྟག་རྩེ་ཟམ་ཆེན་སྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་ལྷ་ས་སྐྱིད་ཆུའི་ངོགས་གཉིས་སུ་རླངས་འཁོར་འགྲོ་སྐྱོད་བྱ་རྒྱུར་སྟབས་བདེ་ཡོང་རྒྱུ་ཡིན་ཞིང་། “སྟག་རྩེའི་ཟམ་པ་རྙིང་པའི་ཞེང་ཚད་དེ་སྨི4.5ལས་མེད་པ་དང་རླངས་འཁོར་གཅིག་ལས་འགྲོ་ཐུབ་ཀྱི་མེད། འོན་ཀྱང་ཟམ་པ་གསར་པར་རླངས་འཁོར་སྐྱོད་སའི་ལམ་བཞི་ཡོད་པ་དང་རླངས་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་60ལ་ཆ་མཚོན་ན་སྐར་མ་གཅིག་ཀྱང་མ་འགོར་བར་སྨི་727ཡོད་པའི་ཟམ་ཆེན་བརྒྱུད་ཐུབ”ཅེས་པའོ་ཀྲོན་གྱིས་ངོ་སྤྲོད་བྱས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001341573581