གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ལྷ་ སའི་ ལམ་ མདོའི་ འཕྲུལ་ མིག་ གི་ པར་ རྒྱག་ ལས་ ཐར་ ཐབས་ མེད།

 
2015-05-16        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།
    ཁ་ལོ་བ་མང་པོ་ཞིག་གིས་མགྱོགས་པོ་དང་སྟབས་བདེ་ཡོང་ཆེད་རྟག་ཏུ་འཕྲུལ་མིག་གི་པར་རྒྱག་དང་ཚོར་བྱུང་སྐོར་ཐིག་ལ་གཡོལ་ནས་འགྲོ་གི་ཡོད། ད་ཆ་དེ་ལྟར་བྱས་ན་ཐར་ཐབས་མེད་དེ། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཆ་འཕྲིན་འགན་སྲུང་རུ་ཆེན་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁུལ་གྱི་ལམ་མདོ་23དུ་འཕྲུལ་མིག་པར་ལེན་མ་ལག་གསར་པ་བསྒར་ནས་རིགས་ཁག་གི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་པར་ལེན་ཐུབ་ཀྱི་ཡོད་པ་རེད། སྔོན་ཆད་ཀྱི་པར་ལེན་མ་ལག་དང་བསྡུར་ན་པར་ལེན་མ་ལག་གསར་པའི་བན་རྒྱུ་ཁྲི་500བར་མཐོ་རུ་བཏང་ནས་ལྡོག་ལམ་ནས་འགྲོ་བ་དང་། འཁོར་ལམ་བརྗེ་བ། ཐིག་བརྫིས་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཚང་མ་གསལ་གསལ་ཐིང་ཐིང་ངང་པར་ལེན་ཐུབ་ཀྱི་ཡོད་ཅིང་། སྔོན་དཔག་བྱས་ན། ཟླ་7པའི་ཟླ་འགོར་ལྷ་ས་གྲོང་ཁུལ་གྱི་ལམ་མདོ་76ཚང་མར་འཕྲུལ་མིག་པར་ལེན་མ་ལག་གསར་པ་བསྒར་རྒྱུ་ཡིན་པ་རེད།
མཛའ་འབྲེལ་དྲ་བ།
010020070840000000000000011100001342442731