བོད་ལྗོངས།
༄༅།།“ལྷ་སའི་ས་གཙང”ཐོན་རྫས་ཆེད་ཚོང་ཁང་པེ་ཅིང་དུ་བཙུགས་པ།

    ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི“ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་སྔར་བས་ལྷག་པའི་ངང་ལག་ལེན་གཏིང་ཟབ་བསྟར་ནས་པེ་ཅིང་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་བྱ་ཡུལ་གྱི་ཐོན་ལས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ཀྱི“ལྷ་སའི་ས་གཙང”བདེ་ཐང་ཐོན་ལས་ཀྱི་ཐོན་རྫས་རྒྱལ་སའི་ཁྲོམ་རར་དེ་བས་ལེགས་པའི་ངང་འདོན་ཐུབ་པར་བྱ་ཆེད། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའི་རྒྱབ་སྐྱོར་ཤུགས་ཆེན་དང་སྐུལ་འདེད་འོག་ལྷ་སའི་ས་གཙང་ཐོན་ལས་ཀྱི་པེ་ཅིང་གི་ཆེད་ཚོང་ཁང་དང་པོ་ཉེ་ཆར་པེ་ཅིང་དུ་དངོས་སུ་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་ཚོང་ཁང་དེས་ཕྱོགས་མང་པོའི་ཐད་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱེད་ཀྱི་ཡོད་ཅིང་། དེར་ཚགས་ཤ་དང་། ཏཱ་ཀྲའོ་གནས་ཆུ། ཁ་ཆེ་ཤ་སྐམ། དབྱར་རྩྭ་དགུན་འབུ་སོགས་ཐོན་རྫས་100ལྷག་ཙམ་ཡོད་པ་ལས་ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་ལྗོངས་ཕྱིའི་ཁྲོམ་རར་དངོས་སུ་ཞུགས་པ་མཚོན་གྱི་ཡོད།

    ས་གཙང་བདེ་ཐང་ཐོན་རྫས་ནི་མཚོ་བོད་ས་མཐོའི་རང་བྱུང་ཁོར་ཡུག་དང་སྦགས་བཙོག་མེད་པའི་རྩྭ་ཐང་དང་། ཞིང་ཁ། ས་ཆུ་བཅས་རྨང་གཞིར་བྱས་ནས་གསར་སྤེལ་བྱས་པའི་ས་མཐོའི་སྐྱེ་ལྡན་བདེ་ཐང་བཟའ་བཅའ་དང་། ས་མཐོའི་སྐྱེ་ལྡན་ཚེ་སྲོག་བཟའ་བཅའ། ས་མཐོ་ཁོ་ནར་ཡོད་པའི་བདེ་སྲུང་སྨན་རྩྭ་སོགས་ཀྱི་ཐོན་རྫས་ལ་ཟེར་གྱི་ཡོད། ཉེ་ལམ་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་མཚོ་བོད་ས་མཐོའི་ཆུ་དང་། ས་རྒྱུ། མཁའ་རླུང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་བཅས“སྦགས་བཙོག་མི་ཕོག་པ་བཞིའི”ཁྱད་ལྡན་ཐོན་ཁུངས་དང་ལེགས་ཆར་བརྟེན་ནས་རང་བྱུང་འཐུང་ཆུ་དང་། འོ་ལས། ཕག་པ་སོགས་ཀྱིས་གཙོ་ཁྲིད་བྱས་པའི་ས་གཙང་བདེ་ཐང་ཐོན་ལས་ཆེན་པོ་དགུ་གཏན་འཁེལ་བྱས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366448831