བོད་ལྗོངས།
ཤིས་ཨན་ནས་མངའ་རིས་བར་གྱི་མཁའ་ལམ་དུ་གནམ་གྲུ་དངོས་སུ་ཤར་གཏོང་ཐུབ་པ།

    ཟླ་10ཚེས་29ཉིན་དགུན་དུས་ཀྱི་དྲོ་འཇམ་ཉི་འོད་ཁྲོད་ཤིས་ཨན་ནས་འཕུར་འོང་བའི་བོད་ལྗོངས་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་TV6017བརྟན་པོའི་ངང་དགུན་ས་གནམ་གྲུ་ཐང་དུ་བབས་པ་དང་། ཤིས་ཨན་ནས་མངའ་རིས་བར་གྱི་མཁའ་ལམ་དུ་གནམ་གྲུ་དངོས་སུ་ཤར་གཏོང་ཐུབ་པ་དེ་ནི་རྒྱལ་ཡོངས་ཀྱི་ལྟེ་བའི་གནམ་གྲུ་ཐང་ནས་མངའ་རིས་བར་གྱི་མཁའ་ལམ་ཐོག་མ་དེ་ཡིན་པ་དེས་ཧྲའན་ཤིས་ནས་མངའ་རིས་བར་གྱི་མཁའ་དབྱིངས་ཀྱི་སྟབས་བདེའི་བར་འཁྱམས་ཤིག་བསྐྲུན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཤིས་ཨན་ནས་མངའ་རིས་བར་གྱི་མཁའ་ལམ་དེ་བོད་ལྗོངས་མཁའ་འགྲུལ་གྱིས་འཕུར་འགན་འཁུར་བ་དང་། འཕུར་མཁན་གནམ་གྲུ་དེ་མཁའ་འགྲུལ་གནམ་གྲུ་A319ཡིན། ཉིན་ལྟར་ཕར་དང་ཚུར་ཐེངས་གཅིག་འཕུར་བ་སྟེ། ཞོགས་པའི་ཆུ་ཚོད་དྲུག་པར་ཤིས་ཨན་ནས་འཕུར་ཏེ་ལམ་བར་དུ་ལྷ་ས་བརྒྱུད་ཉིན་དགུང་གི་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀར་མངའ་རིས་ལ་འབྱོར་གྱི་ཡོད། ཉིན་དགུང་གི་ཆུ་ཚོད་གཅིག་དང་སྐར་མ་བཅུ་ལ་མངའ་རིས་ནས་འཕུར་ཏེ་ལྷ་ས་བརྒྱུད་དགོང་མོའི་ཆུ་ཚོད་དགུ་དང་སྐར་མ་ཞེ་ལྔ་ལ་ཤིས་ཨན་དུ་འབྱོར་གྱི་ཡོད།  

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367196931