བོད་ལྗོངས།
བོད་ཀྱི་ཚན་པ་32ལ་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་སྔོན་ཐོན་མཚན་སྙན་ཐོབ་པ།

    གསར་འགོད་པར་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཟླ་11ཚེས་17ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གཟེངས་བསྟོད་ཚོགས་ཆེན་ཐོག བོད་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་ལ་སླར་ཡང་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་དང་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་དོ་དམ་ཡན་ལག་ཅུས་བདག་སྐྱོང་ལྟེ་གནས་གསང་མདའ་བདག་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་བཀྲ་ཤིས་ལྷུན་རྒྱལ་ལ་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་མཚན་སྙན་ཐོབ་པ་རེད།

    གཟེངས་བསྟོད་ཚོགས་ཆེན་ཐོག བོད་ལྗོངས་ཀྱི་ལྷག་པ་སྒྲོལ་མ་སོགས་མི་9ལ་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་ཐོབ་པ་དང་། གཞིས་རྩེ་གྲོང་ཁྱེར་དང་། ཆུ་ཤུར་རྫོང་། གྲ་ནང་རྫོང་། སྨན་གླིང་རྫོང་བཅས་ལ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གྱི་མིང་འདོན་བྱ་དགའ་ཐོབ་ཡོད། བོད་ལྗོངས་ཀྱི་གྲོང་ཚོ་དང་གྲོང་རྡལ་16དང་། ཚན་པ་32 སློབ་གྲྭ་3 གྲོང་ཁྱེར་6གི་མཉམ་སྡེབ་དང་མི་སྒེར་བཅས་ལ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་དང་། ཤེས་དཔལ་ཚན་པ། ཤེས་དཔལ་སློབ་གྲྭ ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་ཀྱི་དཔེ་བཟང་མཚན་སྙན་ཐོབ་ཡོད། རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་གཟེངས་བསྟོད་ཚོགས་ཆེན་ཐོག་བོད་ལྗོངས་ཀྱི་འབྲེལ་ཡོད་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་ཐོབ་ནས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་ཧུར་ཐག་བཏོད་དེ་མི་དམངས་ལ་བསམ་བློའི་ཁྲིད་སྟོན་བྱ་རྒྱུའི་ཐད་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད།

    ལྷ་ས་གྲོང་ཁྱེར་ལ་2011ལོའི་ཟླ་12ཚེས་20ཉིན་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་2015ལོའི་ཟླ་2ཚེས་28ཉིན་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གྱི་མཚན་སྙན་སླར་ཡང་ཐོབ་ཡོད། ད་ཐེངས་ནི་ལྷ་ས་གྲོང་ཁྱེར་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་ལ་འདེམས་ཐེངས་གསུམ་པ་དེ་ཡིན།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367934571