བོད་ལྗོངས།
བོད་ཀྱི་ལྗོངས་ཡོངས་ཀྱི་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

    ཉིན་ཤས་གོང་། ལྗོངས་ཡོངས་ཀྱི་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ཟླ་11པའི་ཟླ་མཇུག་བར་དུ་ལྗོངས་ཡོངས་ཀྱི་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་ལ་འགྱངས་ཆད་བྱས་པའི་མ་དངུལ་སྒོར་དུང་ཕྱུར་59.36འཇལ་བ་དང་ཆབས་ཅིག “སྙན་སེང་ཞུས་མེད་པའི”ཆུས་དང་རྫོང་ལ་ཆེད་དོན་འགྱངས་ཆད་གནས་ཚུལ་གཙང་འཇལ་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད་ཟླ་12པའི་ཟླ་མཇུག་བར་གྲོང་ཁྱེར(ས་ཁུལ)ཁག་གཅིག་གི་རྫོང(ཆུས)འགའ་ཤས་ལ་ད་དུང་སྙན་སེང་ཞུ་རྒྱུ་ལུས་པ་དང་སྙན་སེང་སྦས་སྐུང་ངམ་ཡང་ན“སྙན་སེང་ཞུས་མེད་པའི”གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་བ་རེད།

    ཚོགས་འདུའི་ཐོག་སླད་ཕྱིན་གྱི་ལས་དོན་ལ་བླང་བྱ་བཏོན་ཞིང་། སྙན་སེང་ཞུ་རྒྱུ་ལུས་པ་དང་སྙན་སེང་སྦས་སྐུང་གི་གནད་དོན་ཡོད་པའི་ཚན་པ་དང་སྡེ་ཚན་གྱིས་གནད་དོན་གྱི་ཚབས་ཆེན་རང་བཞིན་ངེས་པར་དུ་རྟོགས་དགོས་པ་དང་། མཐའ་མཇུག་གི་སྐར་ཁུང་དུས་ཚོད་དམ་འཛིན་གྱིས་འགན་འཁུར་བ་གཙོ་བོས་ཚད་མཐོའི་མཐོང་ཆེན་བྱས་ནས་བསྐྱར་དུ་གྲལ་བཤེར་སྒྲིག་འཛུགས་གང་མགྱོགས་བྱས་ཏེ། གནད་དོན་དག་ཐེར་ལ་དམ་འཛིན་བྱེད་དགོས། གསར་དུ་འགྱངས་ཆད་བྱས་པའི་མ་དངུལ་ཡོད་ཚད་2020ལོའི་ཟླ་1ཚེས་8ཉིན་གྱི་སྔོན་ལ་རྩིས་ཁྲར་འཇུག་དགོས་པ་མ་ཟད། ཞིབ་ཕྲའི་འགྱངས་ཆད་གཙང་འཇལ་གྱི་འཆར་གཞི་བཟོ་བ་དང་། མ་དངུལ་གྱི་ཡོངས་ཁུངས་ཁ་གསལ་བཟོ་བ། འགྱངས་ཆད་གཙང་འཇལ་གྱི་དུས་ཚོད་གཏན་འཁེལ་བཟོ་བ་བཅས་བྱས་ནས་མ་དངུལ་གང་མགྱོགས་འཇལ་བར་སྐུལ་འདེད་གཏོང་དགོས། གལ་སྲིད་2020ལོར་འགྱངས་ཆད་ཀྱི་གནས་ཚུལ་གསར་པ་ཐོན་ཚེ་སྙན་སེང་སྦས་སྐུང་བྱས་པར་བརྩིས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་ཚན་པའི་འགོ་ཁྲིད་དང་དོ་བདག་གི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387030431