བོད་ལྗོངས།
ཕན་ཚུན་སྨོན་ཚིག་སྒྲོན། དུས་ཆེན་དགའ་བས་བསུ།

    འདི་ནི་བྱེད་སྒོ་སྤེལ་རིང་ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཡིག་གཟུགས་མཁས་ཅན་གྱིས་མི་རིགས་ཁག་གི་མང་ཚོགས་ལ་དཔྱིད་གསར་ཆ་ཡིག་འབྲི་བཞིན་པ།

    ཟླ་1ཚེས་15ཉིན། “དུས་རབས་གསར་པར་འབད་བརྩོན་ཆེར་སྐྱེད་ཀྱིས། འབྱོར་འབྲིང་ལོ་ཟླར་ཕུགས་འདུན་དོན་གཉེར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་2020ལོའི“ང་ཚོའི་དུས་ཆེན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར”གྱི་མཉམ་སྤྲོའི་བྱེད་སྒོ་རྗེ་འབུམ་སྒང་སྡེ་ཁུལ་བདེ་གསལ་སྒོ་རར་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་ཀུན་སྤྱོད་དཔེ་བཟང་དང་། ཁོངས་གཏོགས་ཁུལ་གྱི་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་དང་། ལས་བྱེད་པ་དང་ལས་བཟོ་སོགས་ཀྱི་འཐུས་མི་དང་མཉམ་དུ་ཕྱེ་མར་ཟ་བ་དང་། ཅའོ་ཙེ་བཟོ་བ། རྩེད་མོ་རྩེ་བ། རིག་རྩལ་འཁྲབ་སྟོན་ལ་ལྟ་བ་སོགས་མཉམ་སྤྲོའི་བྱེད་སྒོ་སྤེལ་བས། དགའ་སྤྲོ་དང་། དུས་བདེ། འཆམ་མཐུན། ཤེས་དཔལ། མཐུན་སྒྲིལ་བཅས་ཀྱི་དུས་ཆེན་གྱི་རྣམ་པ་ཟབ་མོ་མངོན་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387124351