བོད་ལྗོངས།
བོད་ཀྱི་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་པ་ཐོག་མ་དང་འབྲེལ་ཐུག་དམ་ཟབ་བྱེད་མྱོང་མཁན་32ལ་ལོགས་འཇོག་གི་གསོ་རིག་ལྟ་ཞིབ་བྱེད་མཚམས་དངོས་སུ་བཞག་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་8ཉིན། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་ནས་ཁྱབ་བསྒྲགས་བྱས་པ་ལྟར་ན། བོད་ཀྱི་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་པ་ཐོག་མ་དང་འབྲེལ་ཐུག་དམ་ཟབ་བྱེད་མྱོང་མཁན་32ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར་བཅས་ཀྱི་གནས་གཏན་འཁེལ་གྱི་ལོགས་སུ་འཇོག་སའི་ས་ཚིགས་སུ་ཉིན་14ལོགས་སུ་བཞག་ནས་གསོ་རིག་གི་ལྟ་ཞིབ་བྱས་པ་བརྒྱུད། ཚ་བ་རྒྱས་པ་དང་མི་བདེ་བའི་ནད་རྟགས་ཐོན་མེད་པས། གསོ་རིག་གི་ལྟ་ཞིབ་བྱེད་མཚམས་འཇོག་པའི་ཚད་གཞིར་སླེབས་ཏེ། ཟླ་2ཚེས་8ཉིན་ལོགས་འཇོག་གི་གསོ་རིག་ལྟ་ཞིབ་བྱེད་མཚམས་དངོས་སུ་བཞག་པ་རེད།

    ཟླ་1ཚེས་30ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་ཐོག་མ་གཏན་འཁེལ་བྱུང་བ་རེད།

    མིག་སྔར། ནད་པར་སྲོག་ཉེན་མེད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387733931