བོད་ལྗོངས།
ལེ་དབར་སྟོང་གི་ས་ནས་སྔོ་ཚལ་ས་མཐོར་སྐྱེལ།——བོད་ཀྱི་ཞིང་ཞོར་ཐོན་ཟོག་ལ་འགན་ལེན་བྱེད་པའི་མཐོང་ཐོས།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ནོར་བུ་ཚེ་རིང་དང་ཝང་ཙེ་ཧའོ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། བོད་ཀྱི་ཞིང་ཞོར་ཐོན་ཟོག་སྡེབ་ཚོང་ཁྲོམ་ར་ཆེ་ཤོས་ཡིན་པའི་ལྷ་ས་གདོང་དཀར་ཞིང་ཞོར་ཐོན་ཟོག་སྡེབ་ཚོང་ཁྲོམ་རར་ཉེ་ཆར་སི་ཁྲོན་དང་ཧྲན་ཏུང་། ཡུན་ནན་སོགས་ས་ཁུལ་གྱི"མྱུར་སྐྱེལ"སྔོ་ཚལ་ཟམ་མི་ཆད་པར་འབྱོར་ཡོད། རིང་ཚད་ལ་སྨི་13དང་ཤོང་ཚད་ཏུན་30ཡོད་པའི"བོད་ཀྱི་ཞིང་ཞོར་ཐོན་ཟོག་མཁོ་སྤྲོད་འགན་ལེན་གྱི་སྐྱེལ་འདྲེན་རླངས་འཁོར"ཞེས་ཡི་གེ་འཁོད་པའི་ལྗིད་ཐེག་རླངས་འཁོར་ཞིག་ནང་ལ་ཕུག་དཀར་པོ་དང་ཞོག་ཁོག ཀོ་པི། སུར་པན་སོགས་ཞིང་ཞོར་ཐོན་ཟོག་བླུགས་ནས་གདང་ལ་རི་བོ་བརྒལ་ཏེ་མཚོ་བོད་གཞུང་ལམ་བརྒྱུད་གངས་རླུང་ཁྲོད་ལྷ་སར་བསྐྱོད་ཡོད།

(图文互动)(1)千里送菜上高原——西藏农产品物资保障目击记

    སི་ཁྲོན་ནས་ཡོང་བའི་བོད་ཀྱི་ཞིང་ཞོར་ཐོན་ཟོག་མཁོ་སྤྲོད་འགན་ལེན་གྱི་སྐྱེལ་འདྲེན་རླངས་འཁོར་རུ་ཁག་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ནང་ཁུལ་དུ་སྐྱོད་པ། (ཟླ་2ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཚེས་6ཉིན་གྱི་ཕྱི་དྲོར། གདོང་དཀར་ཁྲོམ་རར་གནས་པའི་བོད་ལྗོངས་ལིང་ཧྥེང་ཐེན་ཧྲའེ་དབྱི་ཅ་ཞིང་ཞོར་ཐོན་ཟོག་འཁོར་རྒྱུག་ཚད་ཡོད་ཀུང་སིའི་མཁོ་སྤྲོད་འགན་ལེན་ལྟེ་གནས་སུ་ཁྲེང་ཏུའུ་ནས་སྔོ་ཚལ་ཏུན་90ལྷག་ཙམ་འབྱོར་ཡོད། དངོས་ཟོག་འབེབས་མཁན་4ཡིས་བྱང་ཆུབ་པའི་སྒོ་ནས་སྔོ་ཚལ་ཕབ་པ་དང་"ཚལ་སྤུངས"དེ་དུས་ཐུང་ནང་དབོར། གསར་འགོད་པས་ཚལ་རིགས་དབྱེ་འབྱེད་ལྟེ་གནས་ཀྱི་ལས་དོན་མི་སྣ་ཡོངས་ཀྱིས་ཞྭ་མོ་དང་ལག་ཤུབས། ཁ་རས་བཅས་གྱོན་ནས་སྔོ་ཚལ་མགྱོགས་མྱུར་ངང་དབྱེ་འབྱེད་དང་གྲལ་འགྲིག་པོར་བསྒྲིགས་ཤིང་། ཟོག་འདྲེན་རླངས་འཁོར་གྱིས་ལྷ་ས་དང་ལྷོ་ཁ། ཉིང་ཁྲི། མངའ་རིས་སོགས་སུ་སྐྱེལ་བར་སྒུག་ཡོད་པ་མཐོང་བྱུང་།

(图文互动)(4)千里送菜上高原——西藏农产品物资保障目击记

    ལྷ་ས་གྲོང་ཁྱེར་མ་འཇོག་ཞིང་ཞོར་ཐོན་ཟོག་སྡེབ་ཚོང་ཁྲོམ་རར་ལས་དོན་མི་སྣས་བོད་ཀྱི་ཞིང་ཞོར་ཐོན་ཟོག་མཁོ་སྤྲོད་འགན་ལེན་གྱི་སྐྱེལ་འདྲེན་རླངས་འཁོར་ཞིག་ནས་སྔོ་ཚལ་འབེབས་པ། (ཟླ་2ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

(图文互动)(5)千里送菜上高原——西藏农产品物资保障目击记

    ལྷ་ས་གྲོང་ཁྱེར་མ་འཇོག་ཞིང་ཞོར་ཐོན་ཟོག་སྡེབ་ཚོང་ཁྲོམ་རར་སྡེབ་ཚོང་ཚོང་པ་ཞིག་གིས་མཛོད་ཁང་ནང་ཉར་འཇོག་བྱ་རྒྱུའི་པད་ཚལ་གྱི་རྩིས་ཐོར་ལྟ་བ། (ཟླ་2ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    དགུན་དུས་འཕར་ལ་བསྐྱལ་ནས་དཔྱིད་དུས་བསུ་བ་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་འདིར། བོད་ཀྱི་ཞིང་ཞོར་ཐོན་ཟོག་མཁོ་སྤྲོད་དང་ཁྲོམ་རའི་རིན་གོང་བརྟན་པོ་ཡོང་བར་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་བོད་རང་སྐྱོང་ལྗོངས་མཁོ་ཚོང་མཉམ་ལས་ཁང་དང་མཉམ་དུ་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་མཁོ་ཚོང་ཁང་ལ་ཡི་གེ་བཏང་སྟེ། དངོས་ཟོག་བཀོད་སྒྲིག་གིས་བོད་ཀྱི་ཞིང་ཞོར་ཐོན་ཟོག་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ཡོང་བར་རམ་འདེགས་བྱ་རྒྱུའི་རེ་ཞུ་ཕུལ་ཡོད། གཡག་རྔ་གྲོང་ཁྱེར་གྱིས་ཡི་གེ་འབྱོར་རྗེས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་ལས་བཟོ་སྒྲིག་འཛུགས་ཀྱིས་ལས་དུས་འཕར་མ་བྱས་ཏེ་གྲབས་གསོག་བྱས་ཤིང་། ཉོ་སྒྲུབ་ཁག་དང་པོ་བྱས་པའི་ཏུན་90ཡོད་པའི་སྔོ་ཚལ་སྣ་ཁ་16ཟླ་1ཚེས་30ཉིན་གྱི་དགོང་མོའི་ཆུ་ཚོད་8པར་སི་ཁྲོན་ནས་རླངས་འཁོར་ནང་བླུགས་ཏེ་ལྷ་སར་དབོར་ཡོད།

(图文互动)(7)千里送菜上高原——西藏农产品物资保障目击记

    ལྷ་ས་གྲོང་ཁྱེར་མ་འཇོག་ཞིང་ཞོར་ཐོན་ཟོག་སྡེབ་ཚོང་ཁྲོམ་རར་ལས་དོན་མི་སྣས་མཛོད་ཉར་ཁུལ་དུ་ཁྲོམ་རར་འདོན་རྩིས་ཡོད་པའི་འཚོ་བའི་དངོས་ཟོག་འཇོག་པ། (ཟླ་2ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    མཁོ་ཚོང་ཁོངས་གཏོགས་ཀྱི་ཁེ་ལས་བོད་ལྗོངས་ལིང་ཧྥེང་ཐེན་ཧྲའེ་དབྱི་ཅ་ཞིང་ཞོར་ཐོན་ཟོག་འཁོར་རྒྱུག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲའོ་ཆོན་གྱིས"བོད་ལ་ས་མཐོ་བ་དང་དུས་ཚིགས་ཀྱི་ཚོད་འཛིན་ཕོག་པས་ཞིང་ཞོར་ཐོན་ཟོག་ཅུང་དཀོན་པོ་ཡོད། དེའི་ཐོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྐབས་འཁེལ་བས་ས་ཆ་དེ་གའི་རང་ཐོན་སྔོ་ཚལ་རྒྱུན་གཏན་ལྟར་མཁོ་སྤྲོད་བྱེད་ཁག་པོ་ཡོད། ང་ཚོས་སི་ཁྲོན་ནས་ཚལ་ཁུངས་བཙལ་བ་མ་ཟད་ད་དུང་ཧྲན་ཏུང་དང་མཚོ་སྔོན་སོགས་ས་ཆ་ནས་གྲབས་གཤོམ་བྱས་ཡོད། མིག་སྔའི་བར་སྔོ་ཚལ་ཏུན་1000ལྷག་ཙམ་ཟིན་པ་ཁག་6གངས་ལྗོངས་ས་མཐོར་བསྐྱལ་ཡོད། གཞན་ཡང་གཡག་རྔ་གྲོང་ཁྱེར་གྱི་མཁོ་ཚོང་ཁོངས་གཏོགས་ཀྱི་ཁེ་ལས་ཀྱིས་ད་དུང་བོད་ལ་མ་དངུལ་སྒོར་ཁྲི་100ལྷག་ཙམ་རི་བའི་སྔོ་ཚལ་དང་མཐའ་མཚམས་གྲངས་ཉུང་མི་རིགས་ལ་ཆེད་དུ་མཁོ་འདོན་བྱེད་པའི་ཇ་ཞལ་འདེབས་ཕུལ་ཡོད"ཅེས་བརྗོད།

(图文互动)(8)千里送菜上高原——西藏农产品物资保障目击记

    ལྷ་ས་གྲོང་ཁྱེར་མ་འཇོག་ཞིང་ཞོར་ཐོན་ཟོག་སྡེབ་ཚོང་ཁྲོམ་རར་ཞིང་ཞོར་ཐོན་ཟོག་བླུགས་པའི་སྡེབ་སྐྱེལ་རླངས་འཁོར་ཞིག་ཞིང་འབྲོག་ཁུལ་དུ་སྐྱོད་པའི་གྲ་སྒྲིག་བྱེད་པ། (ཟླ་2ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    སྤུས་ཚད་ལེགས་ལ་གོང་ཁེ་བའི"ཡུལ་གཞན་གྱི་ཚལ"དེ་དག་གིས་བོད་ཀྱི་ཞིང་ཞོར་ཐོན་ཟོག་ཁྲོམ་རའི་མཁོ་སྤྲོད་ཐད་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་ལ་མང་ཚོགས་ཀྱི་སེམས་པའང་རྣལ་དུ་ཕབ་ཡོད། མ་གཞི་སྔོ་ཚལ་དེ་དག་ལེ་དབར་སྟོང་གི་ས་ནས་དབོར་ཡང་རིན་གོང་འཕར་མེད། ཀྲའོ་ཆོན་གྱིས"ང་ཚོས་མཁོ་ཚོང་ཁང་གི་འགན་འཁྲི་འདོན་སྤེལ་བྱས་ནས་བོད་ཀྱི་ཞིང་ཞོར་ཐོན་ཟོག་གི་མཁོ་སྤྲོད་འགན་ལེན་བྱེད་ཀྱི་ཡིན"ཞེས་བརྗོད།

(图文互动)(6)千里送菜上高原——西藏农产品物资保障目击记

    ལྷ་ས་གྲོང་ཁྱེར་མ་འཇོག་ཞིང་ཞོར་ཐོན་ཟོག་སྡེབ་ཚོང་ཁྲོམ་རར་སྒོ་རྩིས་ཚོང་ཁང་གི་ཚོང་པ་ཞིག་གིས་པད་རྩ་འདེམས་པ། (ཟླ་2ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཟླ་ཕྱེད་ལྷག་ཙམ་གྱི་རྗེས་སུ་བོད་དུ་ལོ་གཅིག་དུས་གཅིག་གི་དུས་ཆེན་རྒྱས་ཤོས་བོད་ཀྱི་ལོ་གསར་སླེབས་ཀྱི་ཡོད། འོན་ཀྱང་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས"ཚལ་གོང་འཕར་སྲིད་དམ" "མཁོ་སྤྲོད་དུས་ཐོག་ཏུ་བྱེད་ཐུབ་བམ" "ཚལ་སྣ་ཉུང་དུ་འགྲོ་སྲིད་དམ"སོགས་ཀྱི་གནད་དོན་མང་ཚོགས་ཀྱི་སེམས་ཁྲལ་དུ་གྱུར་ཡོད། བོད་ལྗོངས་ལིང་ཧྥེང་ཐེན་ཧྲའེ་དབྱི་ཅ་ཞིང་ཞོར་ཐོན་ཟོག་འཁོར་རྒྱུག་ཚད་ཡོད་ཀུང་སིའི་ཁྲོམ་ར་པུའི་འགན་འཁུར་བ་ཅ་ཞའོ་ལན་གྱིས"ང་ཚོའི་མཁོ་སྤྲོད་འགན་ལེན་གྱི་ཚལ་རིགས་མུ་མཐུད་བོད་དུ་དབོར་རྒྱུ་ཡིན། མིག་སྔར་སྔོ་ཚལ་དེ་དག་གི་རིན་གོང་ཁྲོམ་རའི་སིལ་ཚོང་རིན་གོང་ལས་50%ཙམ་དམའ་བ་ཡོད། ད་ཡོད་ཀྱི་སྔོ་ཚལ་སྣ་ཁ་30ལྷག་ཙམ་གྱིས་མང་ཚོགས་ཀྱི་གཞི་རྩའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། རྗེས་སུ་ང་ཚོས་ད་དུང་སྔོ་ཚལ་གྱི་སྣ་ཁ་ཁ་གསབ་བྱས་ནས་བོད་ཀྱི་མང་ཚོགས་བློ་བདེ་པོའི་ངང་ལོ་གསར་གཏོང་ཐུབ་པ་བྱ་རྒྱུ་ཡིན"ཞེས་བརྗོད།

(图文互动)(2)千里送菜上高原——西藏农产品物资保障目击记

    སི་ཁྲོན་ནས་ཡོང་བའི་བོད་ཀྱི་ཞིང་ལས་ཐོན་ཟོག་མཁོ་སྤྲོད་འགན་ལེན་གྱི་སྐྱེལ་འདྲེན་རླངས་འཁོར་རུ་ཁག་ལྷ་ས་གྲོང་ཁྱེར་མ་འཇོག་ཞིང་ཞོར་ཐོན་ཟོག་སྡེབ་ཚོང་ཁྲོམ་རར་འབྱོར་བ། (ཟླ་2ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    གདོང་དཀར་ཁྲོམ་རའི་དོ་དམ་པ་ལིའུ་ཞའོ་ལེ་ཡིས"མཁོ་སྤྲོད་འགན་ལེན་གྱི་སྔོ་ཚལ་དེ་དག་སྤུས་ཚད་ལེགས་ལ་ད་དུང་གོང་ཁེ་པོ་ཡོད་པས་བོད་ཀྱི་སྔོ་ཚལ་ཁྲོམ་རའི་རིན་གོང་དོ་སྙོམས་དང་སྔོ་ཚལ་གྱི་སྣ་ཁ་ཕུན་སུམ་ཚོགས་སུ་གཏོང་རྒྱུར་ནུས་པ་ཡག་པོ་ཐོན་ཡོད་ཅིང་། མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་དགོས་མཁོ་འགན་ལེན་བྱས་ཡོད"ཅེས་བརྗོད།

(图文互动)(3)千里送菜上高原——西藏农产品物资保障目击记

    སི་ཁྲོན་ནས་ཐོན་ཏེ་ལྷ་སར་འབྱོར་བའི་བོད་ཀྱི་ཞིང་ལས་ཐོན་ཟོག་མཁོ་སྤྲོད་འགན་ལེན་གྱི་སྐྱེལ་འདྲེན་རླངས་འཁོར་ཞིག (ཟླ་2ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    རིམས་ནད་ཁྱབ་པའི་སྐབས་འདིར་བོད་ཀྱིས་འཚོ་བའི་དངོས་ཟོག་གལ་ཆེ་སོགས་ལ་འགན་ལེན་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ཡོད། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཕུར་བུ་ཚེ་རིང་གིས། བོད་དུ་ད་ཡོད་འབྲུ་རིགས་ཏུན་82000མཛོད་ཉར་བྱས་པས་འབྲུ་རིགས་ཡོང་ཁུངས་འདང་ངེས་ཡོད་པ་དང་མཁོ་སྤྲོད་བརྟན་པོ་ཡོད། ད་ཡོད་ཕག་ཤ་ཏུན་2000མཛོད་ཉར་བྱས་ཡོད་པ་དང་དུས་མཚུངས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་དང་མཐུན་སྦྱོར་བྱས་ནས་བོད་ལ་ཕག་ཤ་འཁྱགས་པ་ཏུན་3000མཛོད་ཉར་ཁ་གསབ་བྱེད་རོགས་བྱས་ཡོད། ད་ཡོད་ཚགས་ཤ་འཁྱགས་པ་ཏུན་1300 མཛོད་ཉར་བྱས་ཡོད་པས་མཁོ་སྤྲོད་འདང་ངེས་ཡོད། ལྗོངས་ནང་ཁུལ་དུ་ཉིན་རེར་ཆ་སྙོམས་སྔོ་ཚལ་ཏུན་150ཙམ་ཐོན་སྐྱེད་བྱེད་པ་དང་ལྗོངས་ཕྱི་ནས་ཉིན་རེར་ཆ་སྙོམས་སྔོ་ཚལ་ཏུན་160ཙམ་ནང་འདྲེན་བྱེད་ཀྱི་ཡོད་པས་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོད་ཅེས་ངོ་སྤྲོད་བྱས། དེ་དང་ཆབས་ཅིག་བོད་ཀྱིས་ཁ་རས་དང་དུག་སེལ་ཆུ། སྨན་རྫས། ཚ་བ་འཇལ་ཆས་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཕྲལ་མཁོ་ཆེ་བའི་སྨན་དང་ཡོ་ཆས་ཀྱི་རིན་གོང་གང་བྱུང་དུ་སྤོར་བ་དང་། སྔོ་ཚལ་དང་ཤ་སྒོང་གི་ཐོན་ཟོག་ཉོ་སྒྲུབ་རིན་གོང་གི་ཧེ་བག་ཚད་གཞི་དེ་ཟླ་1ཚེས་26ཉིན་གྱི་གཞི་རྩའི་རིན་གོང་ལས་35%དང་དེ་ཡན་གྱི་ཟོག་གོང་དུ་ཧམ་སྤར་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་ནན་པ་དང་ལྕི་བ། མྱུར་བ་བཅས་ཀྱི་སྒོ་ནས་ཞིབ་བཤེར་ཐག་གཅོད་བྱས་ཡོད། མིག་སྔར་བོད་ཀྱི་ལྗོངས་ཡོངས་ཀྱི་ཁྲོམ་རའི་རིན་གོང་སྤྱིར་ན་བརྟན་པོ་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387739651