བོད་ལྗོངས།
བོད་ཀྱིས་ཏོག་གསར་ནད་དུག་གི་བརྟག་དཔྱད་ཚད་ལེན་དང་ནད་རྐྱེན་རིག་པའི་ནད་གཞི་བརྟག་དཔྱད་མ་ལག་རགས་ཙམ་བཙུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ནག་ཆུ་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་PCRཚོད་ལྟ་ཁང་གི་སྐྱེ་དངོས་ཀྱི་བདེ་འཇགས་རིམ་པ་གཉིས་པའི་ཚོད་ལྟ་ཁང་གི་ཚོད་སྐོར་ལམ་ལྷོངས་བྱུང་ནས་ཏོག་གསར་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་བྱེད་ཐུབ་པ་རེད། མིག་སྔར་བོད་ཀྱི་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་ཚོད་ལྟ་ཁང་གི་བརྟག་དཔྱད་ཚད་ལེན་དང་ནད་རྐྱེན་རིག་པའི་ནད་གཞི་བརྟག་དཔྱད་མ་ལག་རགས་ཙམ་བཙུགས་པ་རེད།

    2020ལོའི་ཟླ་2ཚེས་8ཉིན་བར། བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཕུད་པའི་བོད་ལྗོངས་སུ་ད་དུང་ཉིང་ཁྲི་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང(གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་དང་མཉམ་སྦྲེལ) ལྷ་ས་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་BSL-3ཚོད་ལྟ་ཁང་ལ་བརྟེན་པ) ནག་ཆུ་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་བཅས་ཀྱིས་སྔ་རྗེས་སུ་ཏོག་གསར་གློ་ཚད་ཀྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་དོན་སྤེལ་བ་རེད།

    གོམ་སྟབས་རྗེས་མར། བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ས་ཡུལ་དངོས་སུ་མཛུབ་ཁྲིད་དང་། ལག་རྩལ་གསོ་སྦྱོང་། དངོས་སྦྱོང་དམར་ཁྲིད། ལྟ་སྐུལ་ཚོད་སྐོར་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་ཁྱེར(ས་ཁུལ)ཁག་གི་ཚོད་ལྟ་ཁང་གི་བརྟག་དཔྱད་ཚད་ལེན་ལས་དོན་གྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལྗོངས་ཡོངས་ཀྱི་ཚོད་ལྟ་ཁང་གི་ནུས་པ་ཆེ་རུ་གཏོང་བར་སྔར་བས་སྐུལ་འདེད་བཏང་ནས་ནད་གཞི་བརྟག་དཔྱད་དང་རིམས་ནད་ལྟ་སྐུལ་ཚད་ལེན་བྱེད་རིང་ཚོད་ལྟ་ཁང་གི་བརྟག་དཔྱད་ལས་དོན་གྱི“རྣག་ཐོག་གཙག་ཁེལ”གྱི་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་ཚན་རིག་དང་མཐུན་ཞིང་། གནད་ལ་འཁེལ་བ། དུས་ཐོག ནུས་ལྡན་བཅས་ཀྱི་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387767721