བོད་ལྗོངས།
བོད་ལྗོངས་སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་རིམས་ནད་ཐོན་རིང་དྲ་སྦྲེལ་ནས་རྒྱང་ཁྲིད་ཁྲིམས་རའི་འདྲི་གཅོད་བྱས་པ།

    ཟླ་2ཚེས་6ཉིན། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་དྲ་སྦྲེལ་ཁྲིམས་ར་ནས་ས་ཁོངས་བསྒྲལ་བའི་བོགས་གཏོང་གན་རྒྱའི་རྩོད་གཞི་ལྡན་པའི་གྱོད་གཞི་ཐོག་མར་ཞིབ་བཤེར་ཐག་གཅོད་བྱས་པ་རེད། ཁྲིམས་ར་འཚོག་རིང་དོ་བདག་གིས་ཁྱིམ་དུ་བསྡད་དེ་ཁ་པར་གྱི་སྐད་འཕྲིན་སྤྱད་ནས་རྒྱང་ཁྲིད་ཁྲིམས་རར་དོན་ཏེ་ཁྲིམས་རའི་བརྟག་དཔྱད་དང་། དཔང་འཚོལ་དཔང་ལེན། ཁྲིམས་རའི་རྩོད་གླེང་། མཇུག་མཐའི་གསལ་བཤད་སོགས་ཁྲིམས་རའི་འདྲི་ཞིབ་ལ་ཞུགས་པ་དང་འབྲེལ། ཁ་པར་ནས་ཁྲིམས་ར་འཚོགས་པའི་ཟིན་བྲིས་ལ་ཁས་ལེན་བྱས་པས་ཁྲིམས་ར་འཚོགས་པའི་བརྒྱུད་རིམ་ཡོངས་རྫོགས་བདེ་བླག་བྱུང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འདྲི་གཅོད་ལས་དོན་གཉིས་ཀར་འཐུས་ཤོར་མི་ཡོང་བ་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དྲ་སྦྲེལ་ཁྲིམས་ར་མ་འཚོགས་གོང་སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་རང་འགུལ་ངང་དོ་བདག་དང་འབྲེལ་བ་བྱས་པ་དང་དུས་མཚུངས་། ལྗོངས་ཕྱིར་སྡོད་པའི་གྱོད་གཞིའི་དོ་བདག་དང་ཡང་དུས་ཐོག་ཏུ་འབྲེལ་བ་བྱས་ནས། ཕྱོགས་གཉིས་པོའི་མོས་མཐུན་ཐོབ་རྗེས་མཉམ་གྲོས་ཁྲིམས་སར་དྲ་སྦྲེལ་གྱི་རྒྱང་ཁྲིད་ཁྲིམས་རའི་འདྲི་གཅོད་བྱ་རྒྱུའི་ཐག་བཅད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387768001