བོད་ལྗོངས།
བོད་ལྗོངས་ཀྱི་དམངས་འཚོའི་ཁྱབ་ཁོངས་གལ་ཆེན་གྱི་ཁེ་ལས་མྱུར་དུ་ལས་འགོ་བསྐྱར་ཚུཌ་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུ་ཡིན་པ།

    ཟླ་2ཚེས་8ཉིན། གསར་འགོད་པར་ཤེས་རྟོགས་བྱུང་བར་ལྟར་ན། ཚེས་8ཉིན་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་དམངས་འཚོའི་ཁྱབ་ཁོངས་གལ་ཆེན་དང་འབྲེལ་བ་ཡོད་པའི་ཁེ་ལས་རྒྱུན་གཏན་ལྟར་ལས་འགོ་བསྐྱར་ཚུཌ་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུ་རེད།

    གང་མགྱོགས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་དགོས་པའི་ལས་རིགས་ཀྱི་གྲས་སུ། ཆུ་རླངས་གློག་གསུམ་མཁོ་འདོན་དང་། བཅོས་སྣུམ་མཁོ་སྤྲོད། འཕྲིན་གཏོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཁོར་སྐྱོད་འགན་ལེན་ལས་རིགས་དང་། སྨན་ཁང་དང་། ནད་ཡམས་ཚོད་འཛིན། རིམས་ནད་སྔོན་འགོག་སོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་སྒྲིག་གཞི། གློག་ཤུགས་དང་། རང་བྱུང་སོལ་རླངས། བཅོས་སྣུམ། ཨར་འདམ་སོགས་ཐོན་སྐྱེད་དང་སྐྱེལ་འདྲེན་ཁེ་ལས་སོགས་ནུས་རྒྱུ་དང་ཨར་སྐྲུན་རྒྱུ་ཆ་མཁོ་སྤྲོད། འཕྲལ་སྡོམ་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་སྐྱེལ་འདྲེན་སྡེབ་སྐྱེལ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་གཏན་འཁོར་སྐྱོད་ལ་ཧ་ཅང་མཁོ་བའི་སྤྱི་པའི་འགྲིམ་འགྲུལ་དང་མྱུར་སྐྱེལ་སོགས་ཀྱི་འགྲིམ་འགྲུལ་ཟོག་འགྲེམས་ལས་རིགས། སྨན་བཅོས་ཡོ་ཆས་དང་། སྨན་རྫས། འགོག་སྲུང་ཡོ་ཆས། དུག་སེལ་ཡོ་ཆས་སོགས་སྨན་སྤྱོད་དངོས་ཟོག་ཐོན་སྐྱེད་བྲིན་ཚོང་དང་དེ་བཞིན་དེའི་གོང་འོག་ལས་རིགས། འབྲུ་རིགས་དང་། སྣུམ། ཤ་ཚལ་སྒོང་གསུམ། མངར་ཆ། ཚྭ་བཅས་དང་། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་དང་བཤས་གཏོང་ལས་སྣོན་ལས་རིགས་དང་དེའི་གོང་འོག་ཁེ་ལས། སྡེབ་ཚོང་ཁྲོམ་ར་ཆེ་གྲས་དང་། ཞིང་ཟོག་ཁྲོམ་ར་ཆེ་གྲས། སྒོ་རྩིས་ཚོང་ཁང་ཆེ་གྲས་བཅས། གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་དང་འབྲེལ་བ་ཡོད་པའི་ཇུས་འགོད་དང་། ཨར་སྐྲུན། ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་ཁེ་ལས་བྱ་གཞག་ཚན་པ་བཅས་ཚུད་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387768051