བོད་ལྗོངས།
ལྷ་ས་གྲོང་ཁྱེར་གྱི་རིག་ལྡན་ས་འོག་ཆུ་འགྲོའི་རྣམ་གྲངས། འདི་ལོའི་གཞུང་ལམ་ཐོག་མའི་ལས་གྲྭ་འགོ་ཚུགས་པ།

    འདི་ནི་ཟླ་3ཚེས་17ཉིན། ཁྲེང་ཀོན་ཆུས་རྡོ་སེང་གེ་ལམ་གྱི་ཨར་ལས་ཁུལ་དུ་ལས་མི་ཚོས་ལས་ཀ་བྱེད་བཞིན་པ།

    ལྷ་ས་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས། ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ། ལྷ་ས་གྲོང་ཁྱེར་གྱི་ས་འོག་ཆུ་འགྲོའི་སྦུག་ལམ་སྒྱུར་བཀོད་དང་རིག་ལྡན་རྣམ་པའི་ས་འོག་ཆུ་འགྲོའི་ལས་གྲྭའི་འདུ་འགོད་གཅིག་རྗེས་གཉིས་མཐུད་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ་རེད། ཚེས་15ཉིན། ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་གྱི་ས་འོག་ཆུ་འགྲོའི་སྦུག་ལམ་སྒྱུར་བཀོད་དང་རིག་ལྡན་རྣམ་པའི་ས་འོག་ཆུ་འགྲོའི་རྣམ་གྲངས་ཀྱི་ལས་གྲྭ་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད། ལྷ་ས་གྲོང་ཁྱེར་གྱི་འདི་ལོའི་ས་འོག་ཆུ་འགྲོའི་སྦུག་ལམ་སྒྱུར་བཀོད་དང་རིག་ལྡན་རྣམ་པའི་ས་འོག་ཆུ་འགྲོའི་རྣམ་གྲངས་ལས་འགོ་ཐོག་མར་བཙུགས་པའི་གཞུང་ལམ་ཐོག་མ་དེ་ཟླ་4ཚེས་20ཉིན་ཨར་སྐྲུན་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།

    

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001388944691