བོད་ལྗོངས།
བོད་ཀྱི་ཁེ་ལས་90ལ་ཚན་རྩལ་གསར་གཏོད་ཀྱི་རོགས་དངུལ་འཛིན་ཤོག་སྒོར་ཁྲི་543རག་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་བོད་ཀྱི་ཁེ་ལས་90ལ་ཉེ་ཆར་ཚན་རྩལ་གསར་གཏོད་ཀྱི་རོགས་དངུལ་འཛིན་ཤོག་སྒོར་ཁྲི་543རག་པ་དང་ཆབས་ཅིག ཚན་རྩལ་གསར་གཏོད་ཀྱི་ཞབས་འདེགས་སྒྲིག་གཞི་38ལ་ཁས་ལེན་ཐོབ་ནས་ཚན་རྩལ་གསར་གཏོད་ཀྱི་རོགས་དངུལ་འཛིན་ཤོག་རག་པའི་ཚན་རྩལ་ཁེ་ལས་དང་གསར་གཏོད་ཁེ་ལས་ཚོགས་པར་གསར་གཏོད་རྣམ་པའི་ཞབས་འདེགས་ཞུ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གསར་གཏོད་ཀྱི་རོགས་དངུལ་འཛིན་ཤོག་ལོ་གཅིག་ལ་རེ་ཞུ་ཐེངས་མང་བྱ་ཆོག་ཅིང་། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གིས་ལོ་རེར་སྒོར་ཁྲི་10རེ་ཞུ་བྱ་ཆོག་པ་དང་། གསར་གཏོད་ལས་གཏོད་ཚོགས་པས་ལོ་འཁོར་གཅིག་ལ་སྒོར་ཁྲི་5རེ་ཞུ་བྱ་ཆོག་གི་ཡོད། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གིས་གསར་གཏོད་ཀྱི་རོགས་དངུལ་འཛིན་ཤོག་མགོ་གཏུག་གཏོང་ཚད་ཉོ་ཐེངས་གཅིག་གི་ཞབས་ཞུའི་གཏོང་སྤྲོད་གྲོན་དངུལ་གྱི་50%ལས་བརྒལ་མི་རུང་བ་དང་། གསར་གཏོད་ལས་གཏོད་ཚོགས་པས་མགོ་གཏུག་གཏོང་ཚད་ཉོ་ཐེངས་གཅིག་གི་ཞབས་ཞུའི་གཏོང་སྤྲོད་དངུལ་གྱི་90%ལས་བརྒལ་མི་རུང་།

    བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་གསར་གཏོད་ཀྱི་རོགས་དངུལ་འཛིན་ཤོག་དེ་དོ་དམ་ཚན་པས་རང་བརྟེན་སྤྱི་འདོམས་ངང་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་། ཚོད་ལྟ་བྱེད་མཁན་དང་དེ་བཞིན་གཞོགས་འདེགས་དོ་དམ་པའི་ལས་ཕྱོད་ཡར་སྐུལ་དང་མི་སྣ་གསོ་སྦྱོང་དང་། དེ་བཞིན་ཚོད་ལྟ་ཁང་འཛུགས་སྐྲུན་དང་། འཁོར་སྐྱོད། དཔྱད་ཆས་སོགས་ཚན་ཞིབ་ཀྱི་གན་རྒྱར་དམིགས་ནས་སྤེལ་བའི་བྱེད་སྒོ་སོགས་ཐད་ཀྱི་གྲོན་དངུལ་གཏོང་སྤྲོད་ལ་སྤྱད་ཆོག་གི་ཡོད། གསར་གཏོད་ཀྱི་རོགས་དངུལ་འཛིན་ཤོག་ལག་བསྟར་བྱས་པ་དེས་ནོར་སྲིད་ཚན་རྩལ་མ་དངུལ་བེད་སྤྱོད་བྱེད་པའི་ཕན་འབྲས་ཇེ་མཐོར་ཕྱིན་པ་དང་། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དང་གསར་གཏོད་ལས་གཏོད་ཚོགས་པ་མགྱོགས་མྱུར་འཚར་ལོངས་ཡོང་བར་རམ་འདེགས་བྱས་ནས་ཐོན་སློབ་ཞིབ་སྤྱོད་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད་ཆ་རྐྱེན་བསྐྲུན་སྲིད་ཅེས་ངོ་སྤྲོད་བྱས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001389107571