བོད་ལྗོངས།
2020ལོའི་ཇོ་མོ་གླང་མའི་རི་རྩེར་འཛེགས་ནས་ཚད་འཇལ་འགོ་ཚུགས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཚེས་6ཉིན་2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེག་རུ་ཁག་རྡོག་ཐོན་བྱེད་པའི་མཛད་སྒོ་འཚོགས་ཤིང་། རུ་མི་30ལྷག་ཙམ་གྱིས་དེ་ཉིན་ས་བབ་མཐོ་ཚད་སྨི་5200ཟིན་པའི་རི་འཛེག་སྒར་ས་ཆེ་མོ་ནས་ས་བབ་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་དེ་ཇོ་མོ་གླང་མའི་རི་རྩེར་འཛེགས་ནས་ཚད་འཇལ་འགོ་ཚུགས་ཡོད། རུ་མི་ཚོས་ཉེ་ཆར་གནམ་གཤིས་ཡག་པའི་སྐབས་ཀྱི་ཉིན་ཞིག་བདམས་ནས་རི་རྩེར་འཛེགས་ཏེ་ཚད་འཇལ་བའི་བརྩོན་ལེན་བྱ་རྒྱུ་རེད། གལ་ཏེ་ལེགས་འགྲུབ་བྱུང་ཚེ་འདི་ནི་རང་རྒྱལ་གྱི་ཆེད་ལས་ཐིག་ལེན་རིས་འབྲིའི་མི་སྣ་ཇོ་མོ་གླང་མའི་རི་རྩེར་འཛེགས་ཐེངས་དང་པོ་ཡིན།

    གསར་འགོད་པ་སྤེན་པ་ཚེ་རིང་། ཝེ་ཡུས་ཁུན། ཝང་ཆིན་ཨའོ།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390352501