བོད་ལྗོངས།
བོད་ཀྱི་ལྗོངས་ཡོངས་ཀྱི་གྲོང་ཚོའི་སྨན་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

    ཚེས་11ཉིན་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་ལྗོངས་ཡོངས་ཀྱི་གྲོང་ཚོའི་སྨན་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དེ་ཐོག་ནས་2020ལོའི་ལྗོངས་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་མི་སྣའི་གསོ་སྦྱོང་ལས་དོན་དངོས་སུ་འགོ་ཚུགས་པ་མཚོན་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། དུས་ཡུན་ཉིན་6གི་རིང་། ལྗོངས་ཡོངས་ཀྱི་རྫོང(ཆུས)74གནས་ཡུལ་གྱི་གྲོང་ཚོའི་སྨན་པ་1100ལྷག་ཙམ་གྱིས་དྲ་ཐོག་རྒྱང་ཁྲིད་བརྙན་ལམ་གྱི་སློབ་ཁྲིད་བྱེད་སྟངས་ལ་བརྟེན་ནས་ས་གནས་ཁག་ནས་དུས་མཉམ་དུ་གསོ་སྦྱོང་ལ་ཞུགས་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ལྗོངས་ཡོངས་ཀྱི་གྲོང་ཚོའི་སྨན་པའི་གསོ་སྦྱོང་འཛིན་གྲྭ་མཇུག་འགྲིལ་རྗེས། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་ནད་ཡམས་ཚོད་འཛིན་ལྟེ་གནས་དང་རྫོང(ཆུས)གནས་ཡུལ་ཤང་གྲོང་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣའི་གསོ་སྦྱོང་ལས་དོན་མུ་མཐུད་སྤེལ་རྒྱུ་ཡིན་པ་མ་ཟད། སྔར་རྒྱུན་བཞིན་དྲ་ཐོག་བརྙན་ལམ་སློབ་ཁྲིད་ཀྱི་རྣམ་པ་སྤྱད་ནས་གཞི་རྩའི་སྨན་བཅོས་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་སོགས་གཙོ་གནད་ཞབས་ཞུའི་ནང་དོན་ལ་དམ་པོར་གཞིགས་ཏེ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་མི་སྣའི་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ། ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་བྱ་གཞག་མུ་མཐུད་གོང་འཕེལ་གཏོང་རྒྱུར་སྐུལ་མ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞིང་། དུས་ཐེངས་རེའི་གསོ་སྦྱོང་མཇུག་འགྲིལ་རྗེས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ད་དུང་སློབ་མཇུག་འགྲིལ་བའི་དཔྱད་ཞིབ་ཀྱང་དུས་མཉམ་དུ་བྱ་རྒྱུ་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390586881