བོད་ལྗོངས།
སྦྲ་ཆེན་རྫོང་མི་དམངས་སྨན་ཁང་གིས་དྲ་ཐོག་ཏུ་རིན་མེད་ངང་བློ་འདྲི་བྱེད་པའི་སྨན་བཅོས་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པ།

    སྦྲ་ཆེན་རྫོང་གི་ཞིང་འབྲོག་པའི་སྡོད་གནས་ཁ་ཐོར་དང་། ཕྱིར་སྐྱོད་སྟབས་བདེ་མེད་པ། སྨན་བཅོས་དཀའ་བ་སོགས་ཀྱི་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱེད་པ་དང་། ནད་པར་སྨན་བཅོས་ལེགས་པོ་ཐུབ་པ། ནད་པའི་སྨན་བཅོས་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ། སྟབས་བདེ་ལ་གོ་རིམ་ལྡན་པའི་སྨན་བཅོས་ཁོར་ཡུག་གཏོད་པ་བཅས་བྱ་ཆེད། ཉེ་དུས་སྦྲ་ཆེན་རྫོང་མི་དམངས་སྨན་ཁང་གིས་དྲ་ཐོག་ཏུ་རིན་མེད་ངང་བློ་འདྲི་བྱེད་པའི་སྨན་བཅོས་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    དྲ་ཐོག་ཏུ་རིན་མེད་ངང་བློ་འདྲི་བྱེད་པའི་སྨན་བཅོས་མ་ལག་དངོས་སུ་སྤྱད་པ་ལས་སྦྲ་ཆེན་རྫོང་གི་ལས་བྱེད་ལས་བཟོ་དང་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་དཀའ་ངལ་བསལ་ཡོད་ལ། ནད་པས་སྨན་བཅོས་སྟབས་བདེ་ལོངས་སྤྱོད་ཐུབ་པ་དང་སྨན་ཁང་གི་སྨན་བཅོས་ཁོར་ཡུག་དང་སྨན་བཅོས་ལས་ཕྱོད་ཀྱང་ཆེ་རུ་སོང་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390587111