བོད་ལྗོངས།
ལྷ་ས་གྲོང་ཁྱེར་གྱིས་འདི་ལོའི་ལས་ཞུགས་ལས་དོན་བཀོད་སྒྲིག་བྱས་པ།

    ཉེ་དུས། ལྷ་ས་གྲོང་ཁྱེར་གྱིས་2020ལོའི་ལས་ཞུགས་ལས་དོན་གྱི་ཆེད་དོན་ཚོགས་འདུ་སྐོང་ཚོགས་བྱས་ཏེ་འདི་ལོ་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཁག་ལ་སྐུལ་མ་ཏན་ཏིག་བཏང་བ་རེད།

    ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་ངོས་ཀྱི་ལས་ཀའི་འགན་འཁྲི་གསལ་བཟོ་དང་ལས་ཀའི་བྱ་ཐབས་ཚགས་ཚུད་དུ་བཏང་སྟེ་ལས་ཞུགས་ལས་འགན་འགན་ལེན་དོན་འཁྱོལ་གྱི་བྱ་ཐབས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང། འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་ལས་དོན་ལ་མཉམ་དུ་དམ་འཛིན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཏེ་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་སོགས་ཀྱི་ལས་དོན་ཁག་ལ་ཕན་འབྲས་ཐོན་རྒྱུ་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390587541