བོད་ལྗོངས།
བོད་ཀྱི་ཞིང་འབྲོག་ཁུལ་གྱི་ནད་ཁྲིའི་གྲངས་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ།

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 《2019ལོའི་ཀྲུང་གོའི་འཕྲོད་བསྟེན་བདེ་ཐང་བསྡོམས་རྩིས་ཀྱི་ལོ་ཚིགས་མེ་ལོང》གཞིར་བཟུང་2018ལོའི་ལོ་མཇུག་བར་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ནད་ཁྲི་8345བཀོད་སྒྲིག་བྱས་པ་དང་གྲོང་གསེབ་ཀྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་ནད་ཁྲི་མི་སྟོང་རེར་1.52ཟིན་ཞིང་། གྲངས་འབོར་དེ་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་གྲངས་འབོར་ལས་1.43བརྒལ་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཕལ་ཆེ་བའི་མདུན་གྲལ་དུ་སླེབས་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། 2019ལོར་བོད་ཀྱིས་བདེ་ཐང་དབུལ་སྐྱོར་གྱི“གཅིག་ཀྱང་མི་ལུས་པའི་བྱ་སྤྱོད”སྤེལ་བའི་རྨང་གཞིའི་ཐོག་འཕྲོད་བསྟེན་དང་བདེ་ཐང་ཞབས་ཞུའི་ཞན་ཆའི་ལྷུ་ཚིགས་ལ་དམིགས་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཞི་རྩའི་སྨན་བཅོས་ལ་འགན་ལེན་ཡོད་པའི“གསུམ་རེ་གསུམ”གྱི་ལས་ཀའི་ཚད་གཞི་དོན་འཁྱོལ་ནན་པོ་དང་ཏན་ཏིག་བྱས་པ་རེད། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི“གསུམ་རེ་གཅིག”གི་ཐད་ལྗོངས་ཡོངས་ཀྱི་རྫོང(ཆུས)74དང་། ཤང་དང་གྲོང་རྡལ་678 གྲོང་ཚོ་5300བཅས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཙུགས་ནས་ཚང་མར་དེ་མཚུངས་ཀྱི་ནུས་པ་ལྡན་པའི་ཁང་པ་དང་སྒྲིག་བཀོད་དང་སྒྲིག་ཆས་ཡོད་ལ་ཞབས་ཞུའི་ཁྱབ་ཁོངས་ནི་ལྗོངས་ཡོངས་ཀྱི་སྲིད་འཛིན་ཁུལ་དབྱེར་ཁྱབ་ནས་རང་སྐྱོང་ལྗོངས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་ཡོད་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཚད་གཞི་ལོན་པ་རེད།

    སྨན་བཅོས་ལག་རྩལ་མི་སྣའི“ཚད་ལོན་གསུམ”གྱི་ཐད་2019ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ་9052ཡོད་པ་དེ་2016ལོའི་མི་6769ལས་33.72%འཕར་བ་རེད། ལྗོངས་ཡོངས་ཀྱི་གྲོང་ཚོའི་འཕྲོད་བསྟེན་ཁང་ཚང་མར“གྲོང་ཚོ་རེར་སྨན་པ་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་དང་གྲོང་གསེབ་ཀྱི་སྨན་པའི་ཁྲོད་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པའི་ལག་འཁྱེར་རག་པའི་མི་གྲངས་265ཡོད་པ་དེས་གཞི་རྩའི་སྨན་བཅོས་འགན་ལེན་ཐད་ཀྱི་གྲོང་ཚོར་སྨན་པ་ཡོད་པའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390697661