བོད་ལྗོངས།
བོད་ཀྱི་འདི་ལོའི་བོད་སྐྱོར་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་159ཙམ་ཟིན་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། བོད་སྐྱོར་ཀྲུང་དབྱང་ཁེ་ལས་བཅས་ཀྱིས་འདི་ལོ་དབུལ་སྐྱོར་རོགས་སྐྱོར་རྣམ་གྲངས་312བཀོད་སྒྲིག་བྱ་རྒྱུ་དང་འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་159ཙམ་ཟིན་གྱི་ཡོད་ཅིང་། ཁྱབ་ཁོངས་སུ་ཐོན་ལས་དང་སློབ་གསོ། འཛད་སྤྱོད། ལས་ཞུགས། ཚན་རྩལ་སོགས་ཚུད་ཡོད།

    ངོ་སྤྲོད་ལ་གཞིགས་ན། དབུལ་སྐྱོར་རྣམ་གྲངས་དེ་དག་ནང་རྨང་གཞིའི་སྒྲིག་བཀོད་རིགས་ཀྱི་རྣམ་གྲངས་76ཡོད་པར་མ་དངུལ་སྒོར་དུང་ཕྱུར་22.67གཏོང་རྒྱུ་དང་ཐོན་ལས་རིགས་ཀྱི་རྣམ་གྲངས་67ལ་མ་དངུལ་སྒོར་དུང་ཕྱུར་45.94གཏོང་རྒྱུ། སློབ་གསོའི་རིགས་ཀྱི་རྣམ་གྲངས་58ལ་མ་དངུལ་སྒོར་དུང་ཕྱུར་10.65གཏོང་རྒྱུ། བདེ་ཐང་རིགས་ཀྱི་རྣམ་གྲངས་43ལ་མ་དངུལ་སྒོར་དུང་ཕྱུར་4.74གཏོང་རྒྱུ། འཛད་སྤྱོད་རིགས་ཀྱི་རྣམ་གྲངས་25ལ་མ་དངུལ་སྒོར་དུང་ཕྱུར་8.38གཏོང་རྒྱུ། གནས་སྒྱུར་ལས་ཞུགས་རིགས་ཀྱི་རྣམ་གྲངས་18ལ་མ་དངུལ་སྒོར་དུང་ཕྱུར་0.21གཏོང་རྒྱུ། མ་འཇོག་སྐུལ་ཁྲིད་རིགས་ཀྱི་རྣམ་གྲངས་15ལ་མ་དངུལ་སྒོར་དུང་ཕྱུར་35.52གཏོང་རྒྱུ། ཚན་རྩལ་རིགས་ཀྱི་རྣམ་གྲངས་10ལ་མ་དངུལ་སྒོར་དུང་ཕྱུར་30.66གཏོང་རྒྱུ་བཅས་རེད།

    ལོ་མང་རིང་། ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་གཏོང་སྒོ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་རོགས་སྐྱོར་ཁྱབ་ཁོངས་རྒྱ་ཆེར་བཏང་བས་མ་དངུལ་སྤྲོད་པ་དང་རྣམ་གྲངས་སྐྲུན་པའི“གཞན་བརྟེན་རྣམ་པའི”རོགས་སྐྱོར་ནས་རིམ་བཞིན་ཐོན་ལས་གསོ་སྐྱོང་དང་ལག་རྩལ་རྒྱབ་སྐྱོར་སོགས“རང་བརྟེན་རྣམ་པའི”རོགས་སྐྱོར་དུ་བསྒྱུར་ཡོད་ཅིང་། 2016ལོ་ནས་བཟུང་རིམ་རྩིས་བྱས་ན་བོད་སྐྱོར་དབུལ་སྐྱོར་རྣམ་གྲངས་1696དོན་འཁྱོལ་བྱས་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་162.73བཏང་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391427191