བོད་ལྗོངས།
ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“བོད་ཀྱི་ཆུ་བཟང”རྒྱལ་ཁབ་ཀྱི་སྒོ་མོ་ནས་དོན་རྒྱུར་རམ་འདེགས་བྱས་པ།

    “ཁྱེད་ཚོས་ང་ཚོའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་སོང་། ང་ཚོའི་གཏེར་ཆུ་སླར་ཡང‘རྒྱལ་ཁབ་ཀྱི་སྒོ་མོ’ནས་དོན་ཐུབ་རྒྱུ་རེད”ཅེས་ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་ཆུ་སྤུས་ཞིབ་བཤེར་སྙན་ཞུ་འབྱོར་རྗེས། 5100བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ལས་དོན་མི་སྣར་བཤད། འདི་ལོའི་ཟླ་1པོ་ནས་5པ་བར། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཞིབ་བཤེར་ལྟ་འདོམས་བྱས་ཏེ“བོད་ཀྱི་ཆུ་བཟང”ཁག་89ཕྱིར་གཏོང་བྱས་པ་དེ་དག་གི་རིན་ཐང་ཨ་སྒོར་ཁྲི་92.95ཟིན་པ་དེ་དུས་མཚུངས་ལས་8.54%དང་41.93%སོ་སོར་འཕར་ཡོད་པ་རེད།

    5100བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སིའི་ཕྱིར་གཏོང་གི་དགོས་མཁོར་དམིགས་ཏེ། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“ལྗང་མདོག་བགྲོད་ལམ”དུས་ཐོག་ཏུ་ཤར་གཏོང་བྱས་པ་དང་འབྲེལ་ཡོད་ཞིབ་བཤེར་མི་སྣ་བཀོད་སྒྲིག་གིས་ཆུ་སྤུས་ཞིབ་བཤེར་ལས་དོན་སྤེལ་ནས། དུས་ཚོད་ཐུང་ཤོས་ནང་ཁེ་ལས་ལ་ཞིབ་བཤེར་སྙན་ཞུ་མཁོ་འདོན་ཐུབ་པར་བྱས་པ་དང་ཆབས་ཅིག ཕྱིར་གཏོང་གོང་གི་ལྟ་འདོམས་བྱེད་ལེགས་སུ་ཧུར་ཐག་བཏང་སྟེ། ཐོན་རྫས་བདེ་བླག་ངང་ཕྱིར་གཏོང་ཐུབ་རྒྱུར་ལག་རྩལ་གྱི་འདེགས་སྐྱོར་བྱས་ནས། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་བོད་ཀྱི་རང་བྱུང་འཐུང་ཆུ་ཕྱིར་གཏོང་བྱས་ནས་ཕྱི་དངུལ་གསོག་རྒྱུར་རྒྱབ་སྐྱོར་བྱ་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཆེད་མངགས་རྒྱལ་ཁབ་ཀྱི་གཏེར་ཆུ་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་འཛུགས་རྒྱུའི་རེ་ཞུ་ཕུལ་བ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391723411