བོད་ལྗོངས།
ཆབ་མདོའི་ཡིད་རྟོན་ཉམས་ཞིབ་ཁྲོམ་ར་འཕེལ་རྒྱས་མྱུར་པོ་སོང་བ།

    ཉེ་བའི་ལོ་ཤས་རིང་། མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ལམ་ལུགས་ཅན་སྔོན་ཁྲིད་དང་། དྭངས་གཙང་ཅན་མཐའ་ཚད། ཚད་ལྡན་ཅན་རྨང་གཞི། གསར་གཏོད་རང་བཞིན་འདེགས་སྐྱོར་བཅས་སུ་བྱས་ནས་ཆབ་མདོའི་ཡིད་རྟོན་ཉམས་ཞིབ་ཁྲོམ་ར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་རྫོང་གྲོང་གི་ཡིད་རྟོན་ཉམས་ཞིབ་འདྲི་རྩད་ཞབས་ཞུ་ས་ཚིགས་རིམ་བཞིན་ཡོངས་ཁྱབ་བྱུང་བ་དང་། ལོ་ཧྲིལ་པོར་མཚམས་མ་བཞག་པར་ཁ་དན་ཚིག་གནས་དང་ཡིད་རྟོན་ཉམས་ཞིབ་དྲིལ་བསྒྲགས་བྱས་པ། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བྱེད་པོའི་ཡིད་རྟོན་དཔྱད་བསྡུར་གཏན་འབེབས་རིམ་པ་དང་དངུལ་རྩའི་སྒྲིག་གཞིའི་ཡིད་རྟོན་དངུལ་བུན་གྱི་གྲངས་ཚད་འབྲེལ་མཐུད་བྱས་པ་རེད། 2019ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་དངུལ་བུན་ཁག་གི་ཉེན་གནས་ཚད་གཞི་0.51%ལས་ཟིན་མེད་པ་དེ་2016ལོ་ལས་0.17%ཆག་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391746031