བོད་ལྗོངས།
མཚོ་བོད་ས་མཐོའི་མཚེའུ་ནས་ལོ་ལྟར་ཚྭ་མེད་ཆུ་ཏུན་དུང་ཕྱུར་517རླངས་འགྱུར་བྱེད་པ།

    ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་ལས་མངོན་པར། ཚོད་རྩིས་བྱས་ན། མཚོ་བོད་ས་མཐོའི་མཚེའུ་ཡི་རླངས་འགྱུར་བསྡོམས་འབོར་ལོ་ལྟར་ཏུན་དུང་ཕྱུར་517ཟིན་པ་དེ་ཧང་ཀྲོའུ་ཡི་ཤིས་ཧུའུ་མཚེའུ་3570ཡི་ཆུ་འབོར་དང་མཚུངས་པ་དང་། གྲངས་གཞི་དེ་ལས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཁྲོད་ཀྱི་མཚེའུ་ཡི་ཆུའི་ཐོན་ཁུངས་གསོག་ཚད་ལ་གནད་ལ་འཁེལ་བའི་ཚོད་རྩིས་བྱ་རྒྱུར་དཔྱད་གཞི་མཁོ་འདོན་བྱས་པ་རེད།

    ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་ས་གཤིས་དང་རླངས་འགྱུར་གྱི་ནུས་པ་དང་གནམ་གཤིས་འགྱུར་ལྡོག་ཚོགས་པའི་ཞིབ་འཇུག་པ་མཱ་ཡའོ་མིང་སོགས་ཀྱི་ཞིབ་འཇུག་གྲུབ་འབྲས་དེ་པེ་ཅིང་གི་དུས་ཚོད་ཟླ་6ཚེས་27ཉིན་རྒྱལ་སྤྱིའི་གྲགས་ཅན་རིག་གཞུང་དུས་དེབ《ཚན་རིག་དང་ཡར་རྒྱས》ཞེས་པའི་ཐོག་བཀོད་པ་རེད།

    མཚོ་བོད་ས་མཐོར“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་པ་དང་མཚེའུ་ཡི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་5ཙམ་ཟིན་པ་དེས་ཀྲུང་གོའི་མཚེའུ་ཡི་སྤྱིའི་རྒྱ་ཁྱོན་གྱི་50%ཡན་བཟུང་ཡོད། དེ་གོང་མཚོ་བོད་ས་མཐོའི་མཚེའུ་ཡི་ཆུའི་འཁོར་སྐྱོད་བརྒྱུད་རིམ་ལ་ཞིབ་འཇུག་བྱེད་པའི་ནང་། ས་བབ་མཐོ་བའི་མཚེའུ་ཡི་མཚེའུ་དང་རླངས་པའི་ཕན་ཚུན་ལ་ཐོན་པའི་ནུས་པར་ལྟ་ཞིབ་ཚད་ལེན་བྱེད་ཚད་ཉུང་ཉུང་རེད། མཚེའུ་གཅིག་ལ་ཞིབ་འཇུག་བྱེད་ཐབས་མི་འདྲ་བ་སྤྱད་པ་ལས། མཚེའུ་ཡི་རླངས་འགྱུར་བྱེད་ཚད་ལའང་ཧེ་བག་མངོན་གསལ་དོད་པོ་ཡོད་ལ། མཚེའུ་ཡི་རླངས་འགྱུར་བྱེད་ཚད་ཀྱི་བར་མཐོངས་ཁྱབ་ཚུལ་དང་དེ་བཞིན་རླངས་འགྱུར་བསྡོམས་འབོར་སྔར་བཞིན་ཤེས་ཐུབ་ཀྱི་མེད།

    དཔྱད་རྩོམ་དེའི་རྩོམ་པ་པོ་གཙོ་བོ་སྟེ། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་འབུམ་རམས་པ་ཝང་པིན་པིན་གྱིས“ཕྱོགས་བསྡུས་གྲུབ་འབྲས་ལས་མངོན་པར། མཚོ་བོད་ས་མཐོའི་མཚེའུ་རླངས་འགྱུར་གྱི་བསྡོམས་འབོར་ལོ་ལྟར་ཏུན་དུང་ཕྱུར་517±21ཟིན་པའི་ནང་། མཚེའུ་ཆེ་གྲས་75ཡི་རླངས་འགྱུར་གྱི་བསྡོམས་འབོར་ལོ་ལྟར་ཏུན་དུང་ཕྱུར་294±12ཟིན་ཡོད”ཅེས་ངོ་སྤྲོད་བྱས། ཞིབ་འཇུག་ལས་ད་དུང་དགུན་དུས་སུ་མཚེའུ་ཡི་དར་ངོས་ཐད་ཀར་རླངས་འགྱུར་གྱི་ཆུ་འབོར་གྱིས་ལོར་མཚེའུ་རླངས་འགྱུར་བྱེད་ཚད་ཀྱི་12.3ནས་23.5%བར་བཟུང་ཡོད། དེ་ནི་མཚེའུ་ཡི་ཆུ་འབོར་དོ་སྙོམས་ཞིབ་འཇུག་གི་གྲུབ་ཆ་གལ་ཆེན་ཞིག་རེད། མཚོ་བོད་ས་མཐོའི་ལྷོ་རྒྱུད་ཀྱི་མཚེའུ་ཡི་དར་མི་ཆགས་པའི་དུས་ཡུན་དང་མཚེའུ་རླངས་པར་འགྱུར་ཚད་བྱང་རྒྱུད་ཀྱི་མཚེའུ་ལས་མངོན་གསལ་གྱིས་མཐོ་བ་ཡོད་པ་རེད། དཔྱད་རྩོམ་དེའི་རྩོམ་པ་པོ་མཱ་ཡའོ་མིང་གིས། བྱེད་ཐབས་གསར་པ་དེས་མཚོ་བོད་ས་མཐོའི་མཚེའུ་ཡི་རླངས་འགྱུར་ལ་གནད་སྨིན་ཚོད་སྐོར་བྱེད་ཐུབ་ལ། འཛམ་གླིང་གི་ས་ཁུལ་གཞན་གྱི་མཚེའུ་ཡི་རླངས་འགྱུར་ལའང་ཚོད་སྐོར་བྱེད་ཐུབ་ཅེས་བཤད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391779131