བོད་ལྗོངས།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས“དམ་འཛིན་གསུམ”ལ་བརྟེན་ནས་དབུལ་སྒྲོལ་གྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ།

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། འདི་ལོ་ནས་བཟུང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས“མཚམས་མི་འཇོག་པ”བཞིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ“ཤུགས་རྒྱག་པ་དང་། སྲ་བརྟན་དུ་གཏོང་བ། རིམ་སྤོར”བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་རེད།

    གནད་སྨིན་དབུལ་སྐྱོར་གྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཡུན་རིང་དམ་འཛིན་བྱས་ཤིང་། 2020ལོར་དབུལ་སྐྱོར་ཐོན་ལས་རྣམ་གྲངས་270གསར་སྐྲུན་དང་མཐུད་སྐྲུན་བྱས་པར་ཟླ་5པའི་ཟླ་མཇུག་བར་ལས་འགོ་འཛུགས་པ་དང་བསྐྱར་འཛུགས་རྣམ་གྲངས་89ཟིན་པ་རེད།

    ལས་ཞུགས་གཞན་སྒྱུར་གྱི་གསོ་སྦྱོང་ལ་དམ་འཛིན་ནན་པོ་བྱས་ཤིང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ལས་ཞུགས་ཞབས་ཞུའི་མ་ལག་ཧུར་ཐག་བསྐྲུན་ནས་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་གཞུང་གི་མ་འཇོག་རྣམ་གྲངས་དང་ལྷག་པར་དུ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཁྲོད་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ངལ་ནུས་སྤྱོད་ཚད་ཀྱིས་ལས་མི་བསྡོམས་འབོར་གྱི་60%ཡན་བཟུང་བ་དང་སྒོར་ཁྲི་400མན་གྱི་རྣམ་གྲངས་ལ་དམིགས་བསལ་གྱི་བླང་བྱ་མེད་ཚེ་ཚང་མ་ཞིང་འབྲོག་པའི་ཨར་སྐྲུན་རུ་ཁག་ལ་རྩིས་སྤྲོད་དགོས་པའི་བླང་བྱ་བཏོན་པར་དབུལ་སྐྱོར་རྣམ་གྲངས་160ཚུད་ཡོད་པ་རེད།

    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཁེ་ལས་8ཀྱིས་རེ་ཞུ་ཕུལ་བའི་དབུལ་སྐྱོར་ཐོན་རྫས་རིགས་17ངོས་འཛིན་གཏན་འཁེལ་བྱས་པ་དང་ཁེ་ལས་7གྱི་ཐོན་རྫས་རིགས་16རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་བསྐྱར་བཤེར་ལེགས་གྲུབ་བྱུང་བ་རེད། དབུལ་སྐྱོར་ཐོན་རྫས་ཚོང་ར་དང་སྒོ་རྩིས་ཚོང་ཁང་དུ་བཏོན་ནས་དབུལ་སྐྱོར་ཐོན་རྫས་ཀྱི་ཆེད་སྒྲོམ་བཙུགས་ཏེ་དྲིལ་བསྒྲགས་དང་། འགྲེམས་སྟོན། ཕྱིར་ཚོང་བཅས་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391801161