བོད་ལྗོངས།
ལྷོ་ཁའི་བྲོ་ཡུལ་ཆུ་མཛོད་ཀྱི་ཆུ་སྒོ་བརྒྱབ་ནས་ཆུ་བསགས་པ།

    ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དཀྱིལ་རུ་ཤང་འོ་ལུང་གྲོང་ཚོའི་གྲ་ཐང་སྟོད་རྒྱུད་ཀྱི་བྲོ་ཡུལ་ཆུ་མཛོད་ཀྱིས་ཆུ་སྒོ་བརྒྱབ་ནས་ཆུ་བསགས་པ་དང་། འདི་ནི་ཡར་ཀླུང་ཆུ་མཛོད་རྗེས་ཀྱི་ཚོད་ལྟ་བྱེད་འགོ་ཚུགས་པའི་ལྷོ་ཁ་གྲོང་ཁྱེར་གྱི་ཆུ་མཛོད་འབྲིང་གྲས་གཞན་ཞིག་ཡིན་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། བྲོ་ཡུལ་ཆུ་མཛོད་2018ལོའི་ཟླ་བཅུ་པར་སྐྲུན་འགོ་ཚུགས་ཚུན་འཛུགས་སྐྲུན་བྱེད་མཁན་ཕྱོགས་ཁག་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ལས་གྲྭ་འཛུགས་སྐྲུན་འཕེལ་རིམ་ཡག་པོ་བྱུང་ནས་ཆུ་གཅོད་པ་དང་། རགས་ཆེན་གྱི་སིམ་འགོག་ཨར་འདམ་རྩིག་པ་རྒྱག་པ། རགས་ཆེན་གྱི་བདེ་འཇགས་དཔྱད་སྡོམ། ཆུ་སྒོ་བརྒྱབ་ནས་ཆུ་གསོག་པ་སོགས་མཚམས་ཚིགས་གལ་ཆེན་ཁག་གི་འཛུགས་སྐྲུན་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་ནས། འཆར་གཞི་ལས་ལོ་གཅིག་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད་པ་རེད།

    བྲོ་ཡུལ་ཆུ་མཛོད་ལས་གྲྭ་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་ཞིང་ལས་ཆུ་གཏོང་དང་། གྲོང་ཁྱེར་དང་གྲོང་རྡལ་ལ་ཆུ་མཁོ་འདོན། ཆུ་ལོག་སྔོན་འགོག་བཅས་གཞི་གཅིག་ཏུ་བསྒྲིལ་བའི་ཆུ་མཛོད་འབྲིང་གྲས་ཐོག་མ་དེ་ཡིན་པ་མ་ཟད། ད་དུང་ལྷོ་ཁ་གྲོང་ཁྱེར་གྱི་ཆུ་ཁུངས་ལས་གྲྭ་གལ་ཆེན་ཞིག་དང་རང་ལྗོངས་ཀྱི་ཆུ་བེད་འཕེལ་རྒྱས་གཏོང་བའི“ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་རྐང་འཛིན་རྣམ་གྲངས་ཀྱི་གྲས་ཤིག་ཀྱང་ཡིན་པས། ཆུ་མཛོད་བསྐྲུན་ཟིན་རྗེས། ཞིང་ཆུ་གཏོང་ཁྱོན་མུའུ་ཁྲི་3.92གསར་དུ་འཕར་ནས་སྨད་རྒྱུད་ཀྱི་ཤང་དང་གྲོང་རྡལ་2ཀྱི་སྲིད་འཛིན་གྲོང་ཚོ་25ཡི་ཞིང་ཁར་ཆུ་གཏོང་ཐུབ་ཚད་མཐོ་རུ་ཕྱིན་ཏེ། ཞིང་ཆུ་གཏོང་ཁུལ་དུ་དཔྱིད་ཀ་དང་དགུན་ཁར་ཆུ་དཀོན་པའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་འགྲོ་རྒྱུ་ཡིན་པ་དང་། སྔོན་རྩིས་བརྒྱབ་ན་སང་ལོའི་ལོ་མཇུག་ཏུ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ཐུབ་རྒྱུ་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392457521